当前位置: 首页 > 活动简报 > འབྲས་ལེགས་སློབ་ཁྲིད་ཀྱི་བྱ་འགུལ།

འབྲས་ལེགས་སློབ་ཁྲིད་ཀྱི་བྱ་འགུལ།

2016年04月16日 11:55:06 访问量:224

           འཕྲིན་གསར་གནད་བསྡུས

ཐེངས་གཉིས་པ

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་སྟོན་ཁང་གིས།                         ༢༠༡ལོའི་ཟླཔའི་ཚེས༢༠ཉིན།                                                   

སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་ཀྱི་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ལ་རག་ལས་ཡོད།

      ཏང་གི་སློབ་གསོའི་སྲིད་ཇུས་བཟང་བོའི་དམིགས་དབེན་དང་ཕྱོགས་སྟོན་ལྟར།   ངེད་སློབ་གྲྭའི་རྐང་འཛིན་དགེ་རྒན་མང་པོ་ཞིག་རང་ཞིང་ཆེན་གཙོ་བྱས་ཀན་སུའུ་ཞིང་ཆེན།  སི་ཁྲོན་ཞིང་ཆེན་སོགས་རྒྱལ་ནང་གི་སྔོན་ཐོན་སློབ་གྲྭ་གང་མང་ཞིག་དང་།  གཞན་ཡང་ཁུལ་ནང་ཁུལ་གྱི་སྔོན་ཐོན་སློབ་གསོའི་ས་ཁུལ་ཏེ་མཚོ་ལྷོ་ཁུལ་དུ་སློབ་སྦྱོང་དང་ལྟ་ཞིབ་ཏུ་མངགས་ནས་དེང་རབས་ཀྱི་སློབ་གསོའི་ཐབས་ལམ་གསར་བ་སློབ་སྦྱོང་དང་ལག་ལེན་བསྟར་བར་རྨང་གཞི་དང་ལམ་སྟོན།  མཐུན་རྐྱེན་མཛད།  དེ་ལས་དགེ་རྒན་མི་ཉུང་བ་ཞིག་ལ་བློ་བསྐྱེད་གསར་བ་དང་ཤེས་བྱ་གསར་བ།  ཐབས་ལམ་གསར་བ་མི་ཉུང་བ་ཞིག་ཐོ་ཡོད། 


     དེ་དང་བསྟུན་ནས་ངེད་སློབ་གྲྭས་ཀྱང་དེང་རབས་ཀྱི་སློབ་ཁྲིད་བྱ་ཐབས་གསར་བ་སློབ་རའི་ནང་དུ་འདྲེན་པར་སྟོབས་ཤུགས་གང་ཡོད་བཏོན་ཞིང་།  སློབ་སྐབས་འདིའི་ནང་དུའང་ངེད་སློབ་སྟོན་ཁང་གིས་སློབ་གྲྭའི་མགོ་ཁྲིད་ཀྱི་མཛུབ་སྟོན་འོག་འབྲས་ལེགས་སློབ་ཁྲིད་ལག་བསྟར་དང་དེའི་ཕྱོགས་ལ་གོམ་གང་མདུན་སྤོས་བྱེད་པ་བགྲོ་གླེང་དང་ཚོགས་འདུ་འཚོགས་ཤིང་།   ཡིག་ཆ་དང་འཆར་གཞི་བཟོས།  གཙོ་བོ་དུས་རིམ་བཞི་རུ་བགར་ནས་དགེ་རྒན་ཡོད་ཚད་བྱ་འགུལ་འདི་ལ་ཞུགས་པ་དང་འདིའི་ཁྲོད་ནས་དགེ་རྒན་ཚང་མར་འདུ་ཤེས་དང་བློ་བསྐྱེད། ཐབས་ལམ་གསར་བ་ཞིག་འཐོབ་པར་བྱས་ཏེ་སློབ་རར་འབྲས་ལེགས་སློབ་ཁྲིད་ཀྱི་གཡུ་ལོ་ཐགས་སུ་བཀྲ་ཞིང་མེ་ཏོག་རྣམ་པར་བཞད་རྒྱུར་བྱ་བ་འཐུས་ཚང་དུ་སྒྲུབ།  

འབྲས་ལེགས་སློབ་ཁྲིད་བརྒྱུད་ནས་བློ་གསལ་དོན་གཉེར་ཅན་རྣམས་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་ནས་བསམ་བློ་ཡོད་པ་དང་ནུས་པ་ཡོད་པ། རང་རྟོགས་ཡོད་པ།  སྙིང་སྟོབས་ཡོད་པ།  བརྩོན་འགྲུས་ཡོད་པ།  ཕུགས་བསམ་ཡོད་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་འཁྱོངས་རྒྱུ་དེ་ནི་མཐར་ཐུག་གི་དམིགས་ཡུལ་ལགས།

 


                                                                                                              

ཞུ་འབུལ།     རྫོང་རིག་སློབ་ཅུའུ།   རྫོང་སློབ་དཔྱོད་ཁང་། སློབ་གྲྭའི་ཏང་ཀྲི་པུའུ་དང་སློབ་གཙོའི་ལས་ཤག་སོ་སོ།

སྒྲོག་བསྐྱལ། སློབ་གྲྭའི་ཚན་ཁག་སོ་སོ།  སློབ་དཔྱོད་ཁང་སོ་སོ།

                                                                                                              

གཉིས་ཚགས།  བཅོ་བརྒྱད་དཔར།

编辑:李林
上一篇:学校简报
下一篇:没有了
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息举报中心 垃圾信息举报中心 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县第二民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 泽库县第二民族中学 版权所有
联系地址:青海省泽库县泽曲镇泽雄南路第二民族中学
北京网笑信息技术有限公司 仅提供技术支持 违法和不良信息举报中心