当前位置: 首页 > 疫情防控 > 致全县网民的疫情防控倡议书

致全县网民的疫情防控倡议书

2021年10月24日 15:34:03 访问量:284


致全县网民的疫情防控倡议书

全县广大网民朋友们:

为切实做好疫情防控工作,守“网”相助、共同战“疫”,县网信办向广大网民朋友发出如下倡议:
一、自觉做疫情防控的支持者。面对疫情,我们无法置身事外,防控疫情,广大网民责无旁贷。要自觉落实县委、县政府关于疫情防控的决策部署,积极配合核酸检测工作,防止疫情扩散蔓延。近期如有与确诊病例、无症状感染者活动轨迹有交集的人员,以及健康码为“红码”或“黄码”的人员,请于第一时间主动向所在单位、村(社区)、卫生院报备相关情况,接受健康管理。
二、自觉做网络正能量的传播者。广大网民朋友要积极通过官方渠道和权威新闻媒体了解疫情动态、防控措施和科普知识,主动通过网络向家人、亲友传递权威疫情及防疫信息。全县各网站、新媒体、自媒体从业者、群主和广大网民要以身作则,及时、广泛传播官方发布的权威信息和科普知识,传播疫情防控的正能量信息。
三、自觉做网络谣言的抵制者。从自身做起、从现在做起,积极转发主流媒体发布的权威信息,不发布、不传播、不评论未经证实的信息,自觉做到不造谣、不信谣、不传谣,共同营造清朗的网络环境。发现网络谣言,及时向县网信办、县公安局举报。
四、自觉做疫情防控的践行者。始终做好个人防护,避免人员聚集,科学戴口罩、勤洗手、多通风,做好个人消毒,减少不必要出行,积极关注健康码,主动接种疫苗,自觉遵守防疫规定。让我们携手并肩,构筑起联防联控、群防群治的防控网络,共同守护泽库安全。
网络谣言举报电话:****    
                               ****
网络谣言举报邮箱:zkxw****@163.com

    泽库县互联网舆情信息中心

2021年10月23日


རྫོང་ཡོངས་ཀྱི་དྲྭ་དམངས་རྣམས་ལ་སྤྲིངས་བའི་རིམས་འགོག་ཚོད་འཛིན་གྱི་གྲོས་འདོན་ཡི་གེ

རྫོང་ཡོངས་ཀྱི་རྒྱ་ཆེ་བའི་དྲྭ་དམངས་ལྷན་རྒྱས། ཁམས་བཟང་། 

རང་རྫོང་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་གྲུབ་འབྲས་སྲ་བརྟན་དང་དྲྭ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་རྫོང་དྲྭ་འཕྲིན་གཞུང་ལས་ཁང་གིས་གཤམ་གྱི་གྲོས་འདོན་ཡི་གེ་འདི་སྤྲིངས་བ་ལགས།
གཅིག རང་རྟོགས་སྒོས་རིམས་འགོག་ཚོད་འཛིན་གྱི་སྣེ་ཁྲིད་པ་བྱེད་པ། ང་ཚོ་ཚང་མས་རིམས་ནད་ཀྱི་གནས་ཚུལ་ལ་གདོང་གཏད་ཕོད་དགོས་པ་ལས་རིམས་ནད་ཀྱི་གནོད་འཚེའི་ངན་ཁག་གཞན་ལ་དཀྲི་ས་མེད།   རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར་རང་རྟོགས་སྒོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ལས་དོན་དངོས་འབེབས་དོན་འཁྱོལ་ཡོང་བ་བྱས་ཏེ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འཇལ་ཞིབ་དཔྱད་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་དགོས། ཉེ་ལམ་ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་གདགས་གཤིས་ཅན་དང་ཉེ་བར་བཅར་མྱོང་བའམ་ཡང་ན་ནད་པ་དེ་དག་དང་འགྲིམ་འགྲུལ་ཡོ་བྱད་གཅིག་ཏུ་བསྡད་མྱོང་བའི་མི་སྣ། དེ་མིན་བདེ་ཐང་ཨང་རྟགས་དམར་པོ་དང་སེར་པོ་བྱིན་པའི་མི་སྣ་བཅས་ཀྱིས་མྱུར་བ་མྱུར་དུ་རང་ཡོད་སའི་སྡེ་ཁུལ་དང་ལས་ཁུངས། རིམས་འགོག་སྡེ་ཁག་བཅས་ལ་འབྲེལ་གཏུག་བྱས་ཏེ་བདེ་ཐང་དོ་དམ་དང་ལེན་བྱེད་དགོས།
གཉིས། རང་རྟོགས་སྒོས་དྲ་རྒྱའི་ཕན་ནུས་སྒྲོག་སྤེལ་མཁན་བྱེད་པ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་བརྡ་འཕྲིན་དུས་རབས་ཀྱི་བབ་དང་བསྟུན་ནས་གཞུང་ཕྱོགས་ཀྱི་གསར་འགྱུར་སྨྱན་སྦྱོར་དང་འཕྲིན་སྟེགས་སོགས་བརྒྱུད་ནས་པྲོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐབས་ལམ་དང་ཤེས་བྱ་མཐའ་དག་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་གདལ་དུ་བཏང་སྟེ་ནང་མི་དང་གཉེན་ཉེར་རིམས་ནད་བྱུང་ཚུལ་དང་རིམས་འགོག་ཆ་འཕྲིན་བརྒྱུད་སྤྲོད་བྱེད་དགོས།    རྫོང་ཡོངས་ཀྱི་དྲ་ཚིགས་དང་སྨྱན་སྦྱོར།   ཚོགས་པ་བཅས་སུ་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་དུས་ཐོག་དུ་བརྒྱུད་བསྒྲགས་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲང་ནུས་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་དགོས།
གསུམ། རང་རྟོགས་སྒོས་དྲྭ་རྒྱའི་བཤད་ཡམས་འགོག་རྒོལ་མཁན་བྱེད་པ། དུས་ད་ནས་བཟུང་མི་རང་ཉིད་ནས་འགོ་བཙུགས་ཏེ་གཞུང་ཕྱོགས་ཀྱི་འཕྲིན་སྟེགས་དང་སྨྱན་སྦྱོར་སོགས་སུ་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་བརྒྱུད་སྤེལ་ཧུར་ཐག་བྱེད་པ་ལས་ཁུངས་ལུང་མེད་པའི་འཆལ་གཏམ་ཁྱབ་བསྒྲགས་མི་བྱེད་པ་དང་དཔྱད་གཏམ་མི་སྤེལ་བ། དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱས་ཏེ་ཐུན་མོང་ཐོག་དྭངས་གཙང་གི་དྲ་རྒྱའི་ཁོར་ཡུག་ལེགས་པོར་བསྐྲུན་དགོས། དྲ་རྒྱའི་ཐོག་གི་དཀྲོག་གཏམ་ཤེས་རྟོགས་བྱུང་ཚེ་རྫོང་དྲ་འཕྲིན་གཞུང་ལས་ཁང་དང་རྫོང་སྤྱི་བདེ་ཅུས་ལ་དུས་ཐོག་ཏུ་གོང་ཞུ་བྱེད་པ།
བཞི།   རང་རྟོགས་སྒོས་རིམས་འགོག་ཚོད་འཛིན་ལག་བསྟར་བ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་མི་སྣ་འདུ་འཛོམས་བྱ་རྒྱུ་ཉུང་དུ་གཏོང་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་རྒྱག་པ་དང་ལག་པ་འཁྲུ་བ། རླུང་རྒྱུ་རུ་འཇུག་པ་བཅས་བྱས་ཏེ་མི་སྒེར་གྱི་དུག་སེལ་བྱ་བ་ལེགས་པོར་སྒྲུབ་ནས་བདེ་ཐང་ལ་དོ་ཁུར་ཧུར་ཐག་བྱེད་དགོས། གཞན་ད་དུང་རང་འགུལ་ངང་རིམས་འགོག་སྨན་ཁབ་རྒྱག་པ་དང་རང་རྟོགས་ཀྱིས་རིམས་འགོག་གཏན་འབེབས་ལ་བརྩི་སྲུང་ཞུ་བ་བཅས་བྱས་ཏེ་ང་ཚོ་ཚང་མས་ལག་གདང་དཔུང་སྦྲེལ་གྱིས་རྩེ་ཁོག་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། 


དྲ་རྒྱའི་དཀྲོག་གཏམ་ཐེར་འདོན་ཁ་པར་ཨང་གྲངས།   
                0973  8752915    
                0973  8752083
དྲ་རྒྱའི་དཀྲོག་གཏམ་ཐེར་འདོན་སྦྲག་སྒམ།    
                zkxw****@163.com


རྩེ་ཁོག་རྫོང་དྲྭ་འཕྲིན་གཞུང་ལས་ཁང་།

2021ལོའི་ཟླ་10ཚེས་23ཉིན།



主办/中共泽库县委宣传部

总监/王姣
监制/刘浜江
来源/县委宣传部
责编/卓玛叶合

编辑:孙花
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息举报中心 垃圾信息举报中心 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县第二民族中学 特此声明。
泽库县第二民族中学 版权所有
联系地址:青海省泽库县泽曲镇泽雄南路第二民族中学
北京网笑科技有限公司 仅提供技术支持 违法和不良信息举报中心