当前位置: 首页 > 教务 D T > 八年级藏文上中

八年级藏文上中

2019年10月16日 16:17:34 访问量:106 作者:卡毛吉

2018-2019ལོའི་སློབ་སྐབས་སྟོད་ཀྱི་ལོ་རིམ་བརྒྱད་པའི་བོད་ཡིག་གི་སྟོད་ཆའི་བར་རྒྱུགས་འདྲི་གཞི།

རྒྱུགས་གཞི་འདིར་ཁྱོན་བསྡོམས་སྐར  120 ཡོད།

དང་པོ། དྲིས་ལན་འདེམ་པ། ( དོན་ཚན་རེར་སྐར 2 དང་སྡོམ་སྐར 30 )

༡  གཤམ་གྱི་ཚན་པ་དག་ལས་ཡིག་ནོར་མེད་པའི་ཚན་པ་ནི།( ) ཡིན།

ཀ  མཐའ་ཁོབ།   ཟིན་ཏིག  ཉར་ཚེགས། བསྟན་འགྱུར།                ཁ  ཕྱུར་བུ།  གཤེད་མ།   གཡོ་ཟོལ།  སོམ་ཉི།

ག    དད་དཔོན།   རྨེག་མེད།   ཅོལ་ཆུང་།  དམུ་དགོད།       ང་།  དཔྱིས་ཕྱིན་པ།  བརྟུལ་ཞུགས།   སྲོག་སྡོས།  བདེ་བརླག

༢  གཤམ་གྱི་མངོན་བརྗོད་ཁག་བཞི་ལས་ངོས་བཟུང་བ་ནོར་བའི་ཚན་པ་ནི།( ) ཡིན།

ཀ    ཀུན་གསལ་བུ་མོ། ནམ་མཁའ།   སུམ་རྩེན།  ལྷ་ཡུལ།     རོ་འཛིན།  ལྕེ།

ཁ    འདྲེན་བྱེད།  མིག    དལ་འགྲོ་མ། ཆུ་བོ།    སྲིད་པའི་སྒྲོན་མེ།  ཉི་མ།

ག     དྲི་འཛིན། རྣ།      ནོར་འཛིན། ས་གཞི།        སྡེར་ཐོགས་རྒྱལ་བོ།  སེང་གེ

ང་།   ཆུ་གཏེར། རྒྱ་མཚོ།     འཚོ་བྱེད། སྨན་པ།      ཉིན་མོར་བྱེད་པ།  ཉི་མ།

  གཤམ་གྱི་བརྩམས་ཆོས་དག་གི་རྩོམ་སྟངས་དང་རྩོམ་པ་པོ་ངོས་འཛིན་བྱས་པ་ཡང་དག་པའིཁག་ནི།( )ཡིན།

ཀ   <<དགེ་ལྡན་ལེགས་བཤད>> ལེགས་བཤད།   གུང་ཐང་བསྟན་པའི་སྒྲོན་མེ།

ཁ   <<ཚིག་རྒྱན་རིག་པའི་ཤེས་བྱ>>  སྙན་ངག   སློབ་དཔོན་དབྱུག་པ་ཅན།

ག   <<ཉི་མའི་འོད་ཟེར>>   དགག་སྒྲུབ།  ཐོ་ཀྲུའུ།

ང་།   << བོད་ཀྱི་པར་སྐྲུན>> གསལ་བཤད་རྩོམ་ཡིག  ཚེ་ཏན་ཞབས་དྲུང་།

བོད་ཀྱི་པར་སྐྲུན་ལས་རིགས་དེ་ཐོག་མར( )དུས་ནས་དར་བ་ཡིན།

   སྲོང་བཙན་སྒམ་པོ།       ཁ  རྗེ་ཙོང་ཁ་བ།         ག     ས་སྐྱ་བ།       ང   ཕག་གྲུ་

༥  རྒྱལ་བོ་མུ་ཏིག་བཙན་པོའི་རིང་ལ་ཡིག་མཁན་འབྲེ་བ་ཡོན་ཏན་གྱིས་བྲིས་པའི་ཡིག་གཟུགས་ནི( ) ཡིན།

ཀ   སྦུར་ནག་བགྲད་འདྲ།       ཁ    ཉ་མོ་ཆུ་ནང་ནས་ཕྱུང་འདྲ།

ག  སེང་གེ་གནམ་དུ་འཕྱོང་འདྲ།      ང་།      མུ་ཏིག་བསྟར་ལ་བརྒྱུས་འདྲ།

  ཀྱེ་ཀྱེ་གཟིགས་དང་ཉམས་ལྡན་པདྨ་དེས།། ཞེས་པའི་ཀྱེ་ཀྱེ་ནི་འབོད་སྒྲ( )ལ་འཇུག་པཡིན།

འབོད་ཡུལ་གྱི་མིང་གི་མཐར་སྦྱར་བ།     ཁ  འབོད་ཡུལ་གྱི་མིང་གི་ཐོག་མར་ཟློས་ཚིག་གི་སྒོ་ནས་སྦྱར་བ།

  ཡུལ་དམན་པ་ལ་འཇུག་པ།           ང་།     རང་དང་མཉམ་པར་འཇུག་པ།

  གྲོས་ཚོགས་ཟིན་བྲིས་ཀྱི་གྲུབ་ཆ་གཙོ་བོ་ནི་གྲོས་ཚོགས་ཀྱི( ) ཡིན།

ཀ      ཁ་བྱང་།         ཁ རྩ་བའི་གནས་ཚུལ།       ག     ནང་དོན།            ང་།    མཇུག་བསྡུ་བ།

༨  བོད་ཀྱི་གསོ་རིག་གི་གཞུང་ལུགས་ཆེས་སྔ་ཤོས་ནི( ) ཡིན།

<<གསོ་རིག་འབུམ་བཞི>> <<གསོ་རིག་རྒྱུད་བཞི >> <<མི་འཇིགས་པའི་མཚོན་ཆ >> ང་།  <<ཤེལ་ཀོང >>

རྗེ་རྒྱལ་བོ་ཉི་ཟླའི་ཚུལ་དུ་བཞུགས།། གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།།

བོད་ཁ་བ་ཅན་གྱི་མི་རྣམས་ལ།། ང་ཐོན་མི་བཀའ་དྲིན་མི་ཆེའམ།།ཞེས་པ་ནི( )ཡིན།

ཐོན་མིས་རྒྱལ་བོ་སྲོང་བཙན་སྒམ་པོ་ལ་བསྟོད་པ་བྱས་པའི་གླུ    ཁ  ཐོན་མིས་རང་གི་སློབ་དཔོན་རྗེས་སུ་དྲན་པའི་གླུ           ག     ཐོན་མིས་བློན་པོ་དག་གི་ཕྲག་དོག་གཞོམ་པའི་ཕྱིར་དུ་བླངས་པའི་གླུ    ང་། ཐོན་མིས་རང་ལ་བསྟོད་པ་བྱས་པའི་གླུ

༡༠ ཟབ་ཡངས་མཁྱེན་པའི་གཏེར་མངའ་ཁྱོད་ཀྱི་ཐུགས།། མཐའ་བྲལ་འཆི་མེད་ལམ་གྱི་རང་བཞིན་དང་།།

རེ་ཞིག་མཚུངས་མོད་དེ་འདྲའི་དངོས་པོ་གཞན།། གལ་ཏེ་ཡོད་ན་དེ་ཡི་རྗེས་སུ་འགྲོ། ཅེས་པ་ནི( ) དཔེར་བརྗོད་ཡིན།

ཀ  ངེས་པའི་དཔེ།        ཁ     ངེས་མེད་ཀྱིདཔེ།           ཕན་ཚུན་གྱི་དཔེ།        ང་།    ཆོས་དཔེ།

༡༡   ཐགས་བཟང་ཚེམས་ནི་དཀར་ལ་ཞོ་ཐིགས་ཆགས། ཞེས་པའི་དཔེ་དང་དཔེ་ཅན་གཉིས་ཀྱི་མཚུངས་ཆོས་ནི( ) ཡིན།

    ཚེམས།                       ཁ    ཞོ་ཐིགས།                  དཀར།          ང་།     ཐགས་བཟང་།

༡༢  <<རྟ>>  ཞེས་པའི་སློབ་ཚན་ཁྲོད་དུ་ཁྱིམ་རྟ་དང་རྟ་རྒོད་གཉིས་ཀྱི་གཤིས་རྒྱུད་ཞིབ་འབྲི་བྱེད་པར( )འབྲི་བས་སྤྱད་ཡོད།

ཀ  བསྡུར་བའི་ཐབས།      ཁ     གྲངས་ཀ་འགོད་པ།         ག      ལུང་འདྲེན་པ།   ང་།   དཔེ་འགོད་པ།

༡༣ གཤམ་གྱི་དཔེར་བརྗོད་ལས་ངོས་འཛིན་བྱས་པ་ཡང་མི་དག་པའི་ཁག་ནི།( )ཡིན།

ཀ   རྟ་ལ་ཞོན་ཏེ་རྒྱུགས། མཚམས་སྦྱོར་ལྷག་བཅས།   ཁ  ཕྱུག་ཀྱང་སེར་སྣ་ཆེ།  མི་མཐུན་པའི་ཚིག་རྒྱན། 

གར་ཡང་འཁྲབ་ལ་གླུ་ཡང་ལེན། སྡུད་པ།        ང     ཟས་དགོས་སམ་གོས་དགོས།  ཐེ་ཚོམ།

༡༤ མཁས་པས་ས་ཆེན་གང་གྱུར་ཀྱང་།། ཉུང་བ་བཞིན་དུ་གདུང་བ་སྐྱེ།། ཞེས་པའི་ཁྲོད་ཀྱི་ཀྱང་སྒྲ་ནི( )ཡིན།

ཀ  མཐུན་པའི་ཚིག་རྒྱན།     ཁ  མི་མཐུན་པའི་ཚིག་རྒྱན།        ག     སྡུད་པ།        ང་།     བསྐྱར་བ།

༡༥ གནམ་ལ་ཉི་ཟླ་ཟུང་གཅིག  ས་ལ་བཙན་པོ་དབོན་ཞང་།། ཞེས་པའི་དབོན་ནི་རྒྱལ་བོ(    )གོ་དགོས།

ཀ  སྲོང་བཙན་སྒམ་པོ།     ཁ   ཁྲི་གཙུག་ལྡེ་བཙན་རལ་བ་ཅན།       ག      མུ་ནེ་བཙན་པོ།    ང་།    ཁྲི་སྲོང་ལྡེ་བཙན།

ཉིས།  སྟོང་ཆ་སྐོང་བ། ( སྟོང་ཆ་རེར་སྐར་ 2 དང་སྡོམ་སྐར 40 )

བོད་ཀྱི་དབུ་མེད་ཀྱི་ཡིག་གཟུགས་ལ(   )དང་(   )ཡོད་པ་ལས་དེང་སྐབས་ང་ཚོས་སྤྱོད་བཞིན་པའི་དབུ་མེད་ཀྱི་རྩ་བའི་རྨང་གཞི་ནི(     )ཡིན།                         

༢  (                                      )།། (                                   )  །།   མར་མེའི་འོད་ལ་འཐབ་པ་ཡི།།   ཕྱེ་མ་ལེབ་ཀྱི་ངང་ཚུལ་ལྟོས།།

སྤྱི་ལོ( )ལོར། མིང་རྒྱལ་རབས་ཀྱི་གོང་མ་( )ནང་བློན་བཞི་བོད་དུ་མངགས་ནས་ (       )འཚམས་འདྲི་ཞུས་ཤིང་། ཙོང་ཁ་བས་རང་ཉིད་ཀྱི་སྐུ་ཚབ་ཏུ་རང་གི་སློབ་མ(       )བཏང་ནས་མེས་རྒྱལ་ནང་ཁུལ་དུ(             )ཆོས་ཐོག་མར་སྤེལ།

ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ཐོག་མར་པར་དུ་བརྐོ་མཁན་ནི(        )ཡིན།

(                                        )།།   གཞན་ནི་འགའ་ཞིག་དང་ཡང་མིན།།

ལྷག་བཅས་ལ་དབྱེ་ན་(                    ) དང་། (                         ) དང་།(           )ཡོད།

སློབ་དཔོན་ཐོན་མིས(           )དཔེ་བྱས་ནས་དབུ་ཅན་དང་།(            )དཔེ་བྱས་ནས་དབུ་མེད་ཀྱི་ཡིག་གཟུགས་འབྲི་བའི་སྲོལ་གཏོད།

དགག་སྒྲུབ་རྩོམ་ཡིག་གི་གྲུབ་ཆ་གསུམ་ནི་(         ) (                   ) (                 )ཡིན།

གསུམ་པ།    བསྡུས་ལན་འདེབས་པ།  (  དྲི་བ་རེར་སྐར 3 དང་སྡོམ་སྐར 9 )

༡  ངེས་པའི་དཔེ་དང་ངེས་མེད་ཀྱི་དཔེ་གཉིས་ཀྱི་ཁྱད་པར།

 

ཉི་མའི་འོད་ཟེར་གྱིས་ཅི་ཞིག་མཚོན་པ་དང་།ཉི་མའི་ནག་ཐིག་གིས་ཅི་ཞིག་མཚོན་པ་ཡིན།

 

༣  འབྱེད་པ་དང་སྡུད་པ་གཉིས་ཀྱི་ཁྱད་པར།

 

བཞི།   རྣམ་གྲངས་འདྲེན་པ། ( དྲི་བ་རེར་སྐར 3 དང་སྡོམ་སྐར 9 )

༡  བོད་ཀྱི་མཁས་པ་མི་གསུམ།       ༢  པར་ཁང་ཆེན་པོ་བཞི།         ༣   རྒྱུད་བཞི།

ལྔ་བ། ལྟ་ཀློག་དང་དབྱེ་ཞིབ།  ( སྡོམ་སྐར 12 )

གཤམ་གྱི་ཤོ་ལོ་ཀ་བཀླགས་ཏེ་འོག་གི་དྲི་བར་ལན་འདེབས་དགོས། ( སྐར 6 )

མཁས་པས་ཡོན་ཏན་ཁོང་དུ་སྦེད།། དེ་ལ་སྐྱེ་བོ་མང་དུ་འཁོར།། 

རྒྱ་མཚོའི་ནང་གི་ནོར་བུ་ལ།། དེད་དཔོན་མང་པོ་འཁོར་ལ་ལྟོས།།

(1)            གོང་གི་ཤོ་ལ་ཀ་འདི་སློབ་ཚན་གང་ལས་བདམས་པ་དང་། རྩོམ་པ་པོ་སུ་ཡིན། ( སྐར 2)

 

(2)            ཤོ་ལོ་ཀ་འདིའི་ཁྲོད་ཀྱི་དཔེ་དང་དཔེ་ཅན། ཆ་ཡའི་སྡེབས་སྟངས་ངོས་འཛིན་དགོས། ( སྐར 2)

 

(3) གོང་གི་ཤོ་ལ་ཀ་འདིར་རྒྱན་གང་སྤྱད་ཡོད། ( སྐར 2)

 

གཤམ་གྱི་ཚན་པ་བཀླགས་ཏེ་འོག་གི་དྲི་བར་ལན་ཐོབས། ( སྡོམསྐར 6 )

ང་ལ་ཤ་ཤེད་རྒྱས་ནས་ནར་སོན་ཐུབ་བམ།

ང་ནི་ཡ་རུ་ཞིག་ཡིན། དཔྱིད་ཀ་སླེབས་པ་དེས་དྲོ་སྐྱིད་ལྡན་པའི་ཉི་འོད་དང་། བསིལ་ཞིང་འཇམ་པའི་དཔྱིད་རླུང་། གཡུ་མདོག་གི་སྤང་ལྗོངས། ཁ་དོག་རྣམ་པར་བཀྲ་བའི་སྤང་རྒྱན་མེ་ཏོག དྭངས་ཤིང་ཡིད་དུ་འོང་བའི་ཆུ་མིག་སོགས་གནང་བ་ལས། ང་ལ་སྤྲོ་བ་ཚད་མེད་བསྐྱེད་ཅིང་ཡིད་ཀྱི་རེ་སྨོན་འགྲུབ་པར་བྱས། ཡིན་ན་ཡང་དཔྱིད་ཀས་ང་ལ་སྡུག་བསྔལ་ཡང་བསྐྱལ་ཡོང་།

(1)་ལ་ཤ་ཤེད་རྒྱས་ནས་ནར་སོན་ཐུབ་བམ།ཅེས་པ་ནི་འབྱེད་སྡུད་ལས(  )འཇུག་པ་ཡིན། (སྐར 1)

ཀ   སྡུད་པ།        ཁ     ཐེ་ཚོམ།        ག   གདམ་ང་།      ང་།  འབྱེད་པ།

(2)གཡུ་མདོག་གི་སྤང་ལྗོངས། ཞེས་པ་ནི་འབྲེལ་སྒྲའི་ནང་གསེས( )འཇུག་པ་ཡིན། (སྐར 1)

ཀ  ཁྱད་གཞི་དང་ཁྱད་ཆོས།     ཁ  བདག་པོ་དང་ཡུལ་གྱི་འབྲེལ་བ།    ག   བདག་ཉིད་གཅིག་པ།   ང་། ཆ་དང་ཆ་ཅན།

(3)ོང་གི་ཚན་པ་འདིར་འབོད་པའི་ཐ་སྙད་གང་བཀོལ་ཡོད།(  སྐར 1)

 

(4)་རུ་ཞིག་གི་མཚོན་བྱ་ནི་ཅི་ཡིན། ( སྐར 3)

 

དྲུག་པ།  རྩོམ་ཡིག་འབྲི་བ།  ( སྐར 20 )

རང་ཉིད་ཁྱིམ་ཚང་དང་། སློབ་གྲསྤྱི་ཚོགས་སོགས་ཀྱི་ནང་དུ་འཚོ་བ་སྐྱེལ་ནས་འཚར་ལོངས་བྱུང་བས་བཀའ་དྲིན་ཅན་གྱི་མི་གང་མང་ཞིག་ལ་འཕྲད་ཡོད་ངེས་རེད། དེ་ཚོའི་ཁྲོད་ནས་བཀའ་དྲིན་ཆེ་ཤོས་དང་ཡང་ན་བཀུར་འོས་པའི་མི་སྣ་གང་རུང་ཞིག་བདམས་ནས་རྩོམ་ཡིག་ཅིག་འབྲི་དགོས།

རྩོམ་འབྲིའི་རེ་འདུན།

མི་སྣའི་ཕྱིའི་གཟུགས་དབྱིབས་དང་གཏམ་སྤྱོད།སེམས་ཁམས་བཅས་ཞིབ་འབྲི་བྱེད་དགོས།

  ཚིག་སྦྱོར་ལེགས་ཤིང་ནང་དོན་གསལ་བོར་ཡིན་དགོས།

   ཡིག་འབྲུ 400 ལོང་དགོས།

 

 

 

 

编辑:切本
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息举报中心 垃圾信息举报中心 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县第二民族中学 特此声明。
泽库县第二民族中学 版权所有
联系地址:青海省泽库县泽曲镇泽雄南路第二民族中学
北京网笑科技有限公司 仅提供技术支持 违法和不良信息举报中心