当前位置: 首页 > 校园新闻 > རང་ཞིང་གི་དགུན་གནང་གཏོང་བའི་དུས་ཚོད་དང་གསབ་ཁྲིད་ཐད་ཀྱི་བརྡ་ཐོ།

རང་ཞིང་གི་དགུན་གནང་གཏོང་བའི་དུས་ཚོད་དང་གསབ་ཁྲིད་ཐད་ཀྱི་བརྡ་ཐོ།

2020年12月21日 16:44:03 访问量:442

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་དགུན་གནང་གཏོང་བའི་དུས་ཚོད་དང་གསབ་ཁྲིད་ཐད་བཏང་བའི་བརྡ་ཐོ།

དགུན་གནང་གཏོང་ལ་ཉེ་བའི་སྐབས་འདིར། ཟླ12པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་བརྡ་ཐོ་བཏང་ནས་སློབ་གྲྭས་སྒྲིག་འགལ་ངང་ཐུན་མོང་ཐོག་གསབ་ཁྲིད་བྱེད་པ་སྒྲིག་འཛུགས་བྱེད་པ་གཏན་འགོག་བྱ་རྒྱུ་ཡིན་པ་དང་། མཐོ་འབྲིང་མཐར་ཕྱིན་ལོ་རིམ་གྱིས་དགུན་གནང་གི་སུམ་ཆའི་གཅིག་ལས་མི་བརྒལ་བའི་དུས་ཚོད་བེད་སྤྱད་དེ་གསབ་ཁྲིད་བྱེད་པ་ཕུད། སློབ་གྲྭ་གཞན་དག་དང་ལོ་རིམ་གཞན་དག་གིས་རྒྱུ་མཚན་གང་རུང་ལ་བརྟེན་ནས་ཐུན་མོང་ཐོག་སློབ་མ་སྒྲིག་འཛུགས་བྱས་ཏེ་སློབ་གྲྭ་ནས་སློབ་ཚན་ཁྲིད་པ་དང་གསབ་ཁྲིད་བྱ་མི་ཆོག་པར་བྱས་ཡོད།
དགུན་གནང་དང་དཔྱིད་ཀའི་སློབ་འགོ་ཚུགས་པའི་གཏན་འབེབས་ནང་། ས་གནས་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་སྐབས་མཇུག་སྒྲིལ་བའི་བྱ་བ་སྣ་ཚོགས་ཚད་ལྡན་དུ་གཏོང་བ་དང་། གཟབ་ནན་གྱིས་རྒྱལ་ཁབ་ཀྱི་སློབ་ཚན་ཇུས་གཞིའི་བླང་བྱ་ལྟར། སློབ་སྐབས་ཀྱི་སློབ་ཁྲིད་འཆར་གཞི་སོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་པ་ལས་དགུན་གནང་སྔོན་ལ་གཏང་མི་ཆོག
ས་གནས་ཁག་དང་སློབ་གྲྭ་ཁག་གིས་མཇུག་རྒྱུགས་ཀྱི་ལས་དོན་ནན་ཏན་ངང་རྩ་འཛུགས་ཡག་པོ་བྱ་དགོས་པ་དང་། རྒྱུགས་ལ་དབྱེ་ཞིབ་དང་སློབ་སྐབས་ཀྱི་ཕྱོགས་བསྡོམས་བྱ་བ་ལེགས་པར་སྒྲུབ་སྟེ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་སློབ་སྐབས་འདིའི་སློབ་ཁྲིད་ཀྱི་ལས་འགན་ཁག་ཡོངས་འགྲུབ་བྱ་དགོས། སློབ་གསོ་དང་སློབ་ཁྲིད་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭ་ཆུང་འབྲིང་དང་བྱིས་སྙོར་ཁང་ལ་དགུན་གནང་གཏོང་བ་དང་དེ་བཞིན་དཔྱིད་དུས་སློབ་འགོ་བརྩམ་པའི་དུས་ཚོད་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱ་དགོས། རྩ་དོན་ཐོག་སློབ་གྲྭ་ཆུང་འབྲིང་ལ་དགུན་གནང་གཏོང་བའི་དུས་ཚོད་དེ་ཟླ1བོའི་ཚེས29ཉིན་གྱི་སྔོན་དང་། བྱིས་སྙོར་ཁང་གི་དགུན་གནང་གཏོང་བའི་དུས་ཚོད་རྫོང་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་དོན་དངོས་གཞིར་བཟུང་ནས་གཏན་འཁེལ་བྱ་དགོས། རྒྱུན་ལྡན་གྱི་གནས་ཚུལ་འོག སློབ་གྲྭ་ཆུང་འབྲིང་དང་བྱིས་སྙོར་ཁང་གི་དཔྱིད་དུས་ཀྱི་སློབ་འགོ་བརྩམ་པའི་དུས་ཚོད་དེ་རྩ་དོན་ཐོག་ཟླ3པའི་ཚེས1ཉིན་ཡིན། དགུན་གནང་གི་སྐབས་སུ་སློབ་གྲྭ་སྒོ་རྒྱག་པའི་ལམ་ལུགས་དང་ལས་རེས་ལམ་ལུགས། གཙོ་གཉེར་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་སྐོར་ཞིབ་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱ་དགོས།
སློབ་མར་དགུན་གནང་གི་འཚོ་བ་བཀོད་སྒྲིག་ལུགས་མཐུན་བྱེད་པར་མཛུབ་སྟོན་བྱེད་པ་དང་། སློབ་མའི་དོན་དངོས་ལ་གཞིགས་ནས། དགུན་གནང་གི་ལས་བྱ་བཀོད་སྒྲིག་ལུགས་མཐུན་བྱ་དགོས་པར་མ་ཟད་ལས་བྱའི་བསྡོམས་འབོར་ཚོད་འཛིན་བྱས་ནས་སློབ་མའི་སློབ་སྦྱོང་གི་ཁུར་བོ་ཡང་དུ་གཏང་དགོས་པ་དང་། སློབ་མས་རང་བརྟེན་གྱིས་ལེགས་འགྲུབ་བྱེད་པར་འཚམ་པའི་འགུལ་སྐྱོད་རང་བཞིན་དང་ལག་ལེན་རང་བཞིན། རྩད་ཞིབ་རང་བཞིན་བཅས་ཀྱི་ལས་བྱ་བཀོད་སྒྲིག་བྱེད་པ་དར་སྤེལ་གཏང་དགོས། དགུན་གནང་གི་སྐབས་སུ་སློབ་མ་དུས་ཐོག་ཏུ་ངལ་གསོ་བྱེད་པ་དང་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཁྱིམ་ལས་ངལ་རྩོལ་ནང་ཧུར་ཐག་སྒོས་ཞུགས་པར་སྐུལ་མ་གཏོང་དགོས། ཁྱིམ་བདག་གིས་རོགས་ཁྲིད་འོག་སློབ་མ་སྤྱི་ཚོགས་ཀྱི་ལག་ལེན་དང་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་ཧུར་ཐག་སྒོས་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། སློབ་མས་ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱེད་པའི་དུས་ཚོད་ཚོད་འཛིན་བྱས་ནས་མིག་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཁྲིད་སྟོན་བྱ་དགོས།
དགུན་གནང་མ་བཏང་གོང་། སློབ་གྲྭ(གླིང)ཁག་གིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་མེ་ཟོན་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་མེ་སྐྱོན་འགོག་ཟོན་དང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས། གློག་དང་སོལ་རླངས་སྤྱོད་པ། ཟས་དུག་ཕོག་པ། ཤོག་སྦག་ཚོན་ཁྲ་ཅན་སོགས་འགོག་ཟོན་དང་བདེ་འཇགས་ཀྱི་ཆེད་དོན་སློབ་གསོ་གཅིག་སྡུད་ཐོག་སྤེལ་ནས། སློབ་མའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏང་དགོས། དེ་དང་ཆབས་ཅིག ཁྱིམ་ཚང་དང་སློབ་གྲྭ་མཉམ་དུ་གསོ་སྐྱོང་ཡག་པོ་བྱ་དགོས་ལ། ཁྱིམ་བདག་ཚོགས་འདུ་འཚོགས་པ་དང་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག་སོགས་ཀྱི་རྣམ་པ་བརྒྱུད་ནས་ཁྱིམ་ཚང་གི་སློབ་གསོ་སྤེལ་ཏེ། ཁྱིམ་བདག་ལ་དགུན་གནང་སྐབས་ཀྱི་སློབ་གྲྭའི་འབྲེལ་ཡོད་བླང་བྱ་ཤེས་རྟོགས་བྱེད་དུ་འཇུག་དགོས། ཁྱིམ་བདག་གི་ལྟ་སྐྱོང་འགན་འཁྲི་སྔར་ལས་ལྷག་པའི་སྒོ་ནས་ཁ་གསལ་བཟོས་ཏེ་ཁྱིམ་བདག་གིས་དགུན་གནང་གི་སྐབས་སུ་སློབ་མར་ལྟ་སྐྱོང་དོ་དམ་དང་མཛུབ་ཁྲིད་བྱེད་པའི་ལས་དོན་ཡག་པོར་བསྒྲུབ་རྒྱུར་ཁྲིད་སྟོན་བྱ་དགོས།
སློབ་གྲྭས་སློབ་གྲྭའི་ཁང་བ་མི་གཞན་ལ་བོགས་མར་བཏང་ནས་སྒྲིག་འགལ་གྱི་གསབ་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། སློབ་ཕྱིའི་སྤྱི་ཚོགས་སྟོབས་ཤུགས་ཀྱི་སློབ་གཉེར་སྒྲིག་གཞི་དང་མཉམ་ལས་བྱས་ནས་རིག་གནས་བསླབ་ཚན་གྱི་གསབ་སྦྱོང་འཛིན་གྲྭ་གཉེར་མི་ཆོག དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་སློབ་གསོ་དང་སྤྱོད་གཙང་སློབ་གསོར་ཤུགས་སྣོན་པ་དང་།  སློབ་གྲྭ་ཆུང་འབྲིང་གི་ལས་ཐོག་དགེ་རྒན་གྱིས་རིན་དོད་ཡོད་པའི་ཁྱིམ་ཞུས་དགེ་རྒན་ནམ་སྤྱི་ཚོགས་གསོ་སྦྱོང་སྒྲིག་གཞིའི་ལས་འགན་གཅིག་ལྕོགས་སུ་འཁུར་ནས་སློབ་ཁྲིད་བྱེད་པ་གཏན་འགོག་བྱ་དགོས།
སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་རྒྱུན་མཐུད་ངང་ཡག་པོར་བསྒྲུབ་དགོས། དགེ་རྒན་དང་ལས་བཟོ་བ། སློབ་མ་བཅས་ཀྱི་དགུན་གནང་གི་དོ་དམ་ནན་དུ་གཏོང་བ་དང་།“དགོས་པ་མེད་ཚེ་སྒོ་ཕྱི་རུ་མི་འགྲོ་བའི”བླང་བྱ་དོན་འཁྱོལ་བྱ་དགོས་ཤིང་། དངོས་གནས་ཞིང་ཆེན་གཞན་དང་རྒྱལ་ཁབ་ཕྱི་རུ་འགྲོ་དགོས་པའི་དགེ་སློབ་ཚང་མར་སྙན་ཞུའི་ལམ་ལུགས་ལག་བསྟར་བྱ་དགོས་པར་མ་ཟད། ཞིང་ཆེན་གཞན་ལ་སོང་བའི་མི་སྣའི་ཆ་འཕྲིན་རྩིས་ཐོ་བཟོས་ནས་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རྗེས་འདེད་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དགེ་སློབ་ཀྱི་བདེ་ཐང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ལག་པ་བཀྲུ་བ་དང་ཁ་ཐུམ་རྒྱག་པ།“སྨི་གཅིག་གི་བར་ཐག་སྲུང་འཛིན་བྱེད་པ”སོགས་འཕྲོད་བསྟེན་གྱི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་བཟང་བོ་ཆགས་སུ་འཇུག་དགོས།


“ཨ་མདོ་སྨྱན་གསར”གྱི་མིང“གངས་ལྗོངས་འཕྲིན་གསར”དུ་བསྒྱུར།

ཡོང་ཁུངས། གངས་ལྗོངས་འཕྲིན་གསར།

ཡིག་སྒྱུར་དང་རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源:西海都市报

翻译&责编:项吉当知

监制:杨本才让   总监制:刘增奎




编辑:才让索南
上一篇:总务处
下一篇:残疾日宣传活动
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息举报中心 垃圾信息举报中心 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县第二民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 泽库县第二民族中学 版权所有
联系地址:青海省泽库县泽曲镇泽雄南路第二民族中学
北京网笑信息技术有限公司 仅提供技术支持 违法和不良信息举报中心