༢༠༡༨‑‑༢༠༡༩ལོའི་ལོ་རིམ་བརྒྱད་པའི་སྟོད་ཆའི་སྐྱེ་དངོས་
དཀྱིལ་རྒྱུགས་རྒྱུགས་གཞི།
| དང་བོ། | གཉིས་བ། | གསུམ་པ། | བཞི་བ། | ལྔ་བ། | བསྡོམས་སྐར། |
ཐོབ་སྐར། |
|
|
|
|
|
|
གཅིག གདམ་གསེས།(སྐར༤༠)
༡ སྙེས་འབུས་རྒྱུན་པར་རང་ཉིད་ཀྱི་ལུས་གཟུགས་དང་ཆེ་ཆུང་འདྲ་བའི་གཟན་གཤོར་ཐུབ། དེ་ནི་གཙོ་བོ་( )ལ་བརྟེན་པ་ཡིན།
ཀ ཕྲ་ཕུང་ཚེར་ཅན་དང་རེག་སུག། ཁ ལུས་སྟོབས་ཆེ་བ།
ག ཤ་གནད་རྒྱས་པ། ང ཁའི་ཁྱུར་མིད་བྱེད་ནུས།
༢ རྒྱུན་མཐོང་གི་རྒྱུ་ཁོག་དབྱེར་མེད་སྲོག་ཆགས་ཁྲོད།རྡོ་ཐལ་ཟགས་ཐོན་བྱས་ཏེ་བྱུར་རུའི་བྲག་རྡོ་གྲུབ་པ་ནི་( )ཡིན།
ཀ སྙེས་འབུ། ཁ རྒྱ་མཚོའི་ཤ་མོ། ག མཚོ་ལྕམ། ང བྱུར་འབུ།
༣ འཁྲི་སྐྱེ་བྱེད་མི་ཐུབ་པའི་ལེབ་དབྱིབས་སྲོག་ཆགས་ནི( )ཡིན།
ཀ སྙེས་འབུ། ཁ འཁྱིལ་འབུ། ག ཁྲག་འཇིབ་འབུ། ང རྒྱུ་འབུ་ལེབ་རིང་།
༤ གྲོལ་འབུ་མིའི( )ཏུ་འཁྲི་སྐྱེ་བྱེད་པ་ཡིན།
ཀ རྒྱུ་ནག ཁ ཕོ་པ། ག རྒྱུ་དཀར། ང གཞང་ལམ།
༥ ས་སྲིན་ཏ་ལའི་ལུས་ངོས་བསྐམས་སོང་ན་རྒྱུན་ལྡན་ལྟར་འཚོ་གནས་བྱེད་མི་ཐུབ་པའི་རྒྱུ་མཚན་
ནི་ ( )ཡིན།
ཀ འགུལ་སྐྱོད་བྱེད་ཐབས་མེད་པ། ཁ འབྱིན་རྔུབ་བྱེད་ཐབས་མེད་པ།
༦ཕྱི་ངོས་སུ་ཆེ་ཆུང་འདྲ་བའི་རྡོ་ཐལ་རྫས་ཀྱི་འགྲོན་བུ་གཉིས་པོས་ལུས་པོར་སྲུང་སྐྱོབ་བྱེད་པ་ནི ( ) ཡིན།
ཀ ས་སྲིན་ཏ་ལ། ཁ མཚོ་ལྕམ། ག ཆུ་ཀླུང་ཉ་ཕྱིས། ང ན་བུན་བུ་མོ།
༧ འབུ་སྲིན་གྱི་ལུས་ཕྱིའི་རུས་ཀྲང་གི་ནུས་པ་ནི ( )ཡིན།
ཀ ལུས་པོར་འདེགས་སྐྱོར་བྱེད་པ། ཁ སྐམ་སའི་འཚོ་བར་འཕྲོད་པ།
ག དགྲ་ཟླས་གསོད་པར་འགོག་པ། ང བར་སྣང་དུ་འཕུར་བར་འཕྲོད་པ།
༨ སྒལ་ཚིགས་སྲོག་ཆགས་ཁྲོད་རིགས་སྣ་ཆེས་མང་བའི་སྲོག་ཆགས་ནི( )ཡིན།
ཀ འོ་འཐུང་སྲོག་ཆགས། ཁ གོག་འགྲོ་སྲོག་ཆགས།
ག ཉ་རིགས། ང གཉིས་གནས་སྲོག་ཆགས།
༩ སྒལ་ཚིགས་སྲོག་ཆགས་ལ་གཏོགས་པ་ནི ( )ཡིན།
ཀ བྱུར་འབུ། ཁ ཉ་ཕྱིས། ག རུས་སྤལ། ང ཆུ་འབུ་གློ་ཉལ།
༡༠སྦལ་བ་ནི་ལྕོང་མོ་ནས་འཚར་སྐྱེ་བྱུང་བ་ཡིན། ལྕོང་མོའི་ཕྱིའི་དབྱིབས་རྣམ་དང་ནང་ཁུལ་ཆགས་གཞི་གང་ཡིན་རུང( )དང་འདྲ།
ཀ ས་སྲིན་ཏ་ལ། ཁ ཆ་ག་བ། ག ཆུ་ཀླུང་ཉ་ཕྱིས། ང ཉ།
༡༡ གཉིས་གནས་སྲོག་ཆགས་ལ་གཏོགས་པ་ནི( )ཡིན།
ཀ ཆུ་རྩངས་དང་ཁྱེའུ་ཉ། ཁ བ་གླང་དང་སྡིག་སྲིན།
ག ཆུ་འབུ་གློ་ཉལ་དང་སྤལ་བ། ང དུག་སྤལ་དང་སྡིག་སྲིན།
༡༢རྨིགས་པའི་ལུས་པོའི་ཕྱི་ངོས་སུ་རྭ་རྒྱུའི་ཁྲབ་སག་གིས་ཁེབས་ཡོད།དེའི་བྱེད་ནུས་ནི ( ) ཡིན།
ཀ ཆུའི་ནང་དུ་འཚོ་བར་འཚམ་པ། ཁ སྐམ་སར་འཚོ་བར་འཚམ་པ།
ག བར་སྣང་དུ་འཚོ་བར་འཚམ་པ། ང གང་འདོད་དུ་འགུལ་སྐྱོད་བྱེད་པར་འཚམ་པ།
༡༣ ཆ་ག་སྐེ་རིང་དང་ཆ་ག་བ་སོགས་འབུ་སྲིན་གྱི་འབྱིན་རྔུབ་ནི( )ལ་བརྟེན་ནས་ལེགས
འགྲུབ་བྱུང་བ་ཡིན།
ཀ གློ་བ། ཁ ཕྱིའི་རུས་ཀྲང་། ག སྐྱི་ལྤགས། ང གློ་ཡུ།
༡༤ ཕུག་རོན་གྱི་ཆེས་དར་རྒྱས་ཆེ་བའི་ཤ་གནད་ནི་ ( ) ཡིན།
ཀ གཤོག་པའི་སྟེང་གི་ཤ་གནད། ཁ བྲང་ཤ།
ག གཞུག་སུག་གི་ཤ་གནད། ང སྐེའི་ཤ་གནད།
༡༥ ཆ་ག་བའི་འགུལ་སྐྱོད་དབང་བོ་ནི ( )ཏུ་སྐྱེས་ཡོད།
ཀ མགོ་བོའི་ཁག ག བྲང་ཁག ཁ གསུས་ཁག ང བྲང་གསུས་ཤ་གནད།
༡༦ བྱ་རིགས་ཀྱིས་གཤོག་ཟུང་རྡེབ་པའི་སྒུལ་ཤུགས་གཙོ་བོ་ནི( )ནས་བྱུང་བ་ཡིན།
ཀ རྒྱབ་ཁག་གི་ཤ་གནད། ཁ གཤོག་ཟུང་གི་ཤ་གནད།
ག གསུས་པའི་ཤ་གནད། ང བྲང་ཁའི་ཤ་གནད།
༡༧ འབྱིན་རྔུབ་མ་ལག་ཆེས་རྒྱས་པའི་སྲོག་ཆགས་ནི( ) ཡིན།
ཀ འོ་འཐུང་རིགས། ཁ བྱ་རིགས། ག ཉ་རིགས། ང གཉིས་གནས་རིགས།
༡༨ སྐམ་སར་འཚོ་བའི་འོ་འཐུང་སྲོག་ཆགས་ཆེ་ཤོས་ནི ( )ཡིན།
ཀ སྤྲེའུ། ཁ རྐྱང་། ག ཧྥེ་གླིང་གླང་ཆེན། ང ན་ཀྲ།
༡༩ སྤྱང་ཀིས་མཆེ་བའི་བྱེད་ལས་གཙོ་བོ་ནི ( )ཡིན།
ཀ གཟན་ཆས་དབྲལ་བ། ཁ གཟན་ཆས་གཅོད་པ་དང་དབྲལ་བ།
ག གཟན་ཆས་གཅོད་པ། ང གཟན་ཆས་ལྡོད་པ།
༢༠ དྲོད་བརྟན་སྲོག་ཆགས་སུ་གཏོགས་པ་ནི( ) ཡིན།
ཀ ཡོས་བུ། ཁ སྤྲུལ། ག ཆ་ག་བ། ང ས་སྲིན་ཏ་ལ།
གཉིས། ཁ་སྐོང་།( སྐར༣༥ )
༡ རྒྱུ་ཁོག་དབྱེར་མེད་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ་ནི།ལུསགཟུགས( )
ཏུ་མངོན་པ་དང་།ལུས་པོའི་ཕྱི་ངོས་སུ()ཡོད།()ཡོད་ལ་( )མེད།
༢ ལེབ་དབྱིབས་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ་ནི།ལུས་གཟུགས( )ཏུ་མངོན་པ་
དང་།( )ཡིན་པ།( )ཡོད་ལ ( )མེད།
༣ སྐུད་དབྱིབས་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ་ནི།ལུས་གཟུགས་( )ལ།
()སུ་མངོན་པ།ལུས་པོའི་ཕྱི་ངོས་སུ()པ་ལྡན་པ།( )དང()
ཡོད་པ་བཅས་སོ།
༤ སྐོགས་གཉིས་རིགས་སྲོག་ཆགས་ནི་ ( )ལ་བརྟེན་ནས་དལ་མོར་འགུལ་སྐྱོད་བྱེད་ཐུབ།( )ལ་བརྟེན་ནས་ཆུ་རྒྱུན་དུ་( )རྗེས་རེས་བྱེད་པ་ཡིན།
༥ འབུ་སྲིན་ཁྱད་རྟགས་གཙོ་བོ་ནི། དེར( )ཆ་གཅིག་དང་། ( )ཆ་གསུམ། ( )ཆ་གཉིས་ཡོད་པ་བཅས་སོ།།
༦ཉ་ཆུར་རྐྱལ་དུས་()གཡོ་འགུལ་བྱས་པར་བརྟེན་ནས་བདུན་སྐྱོད་ཀྱི་སྒུལ་ཤུགས་བྱུང་བ་དང་།()རྫིའུ་དང ( )རྫིའུ( )རྫིའུ()རྫིའུ་བཅས་ལ་བརྟེན་ནས་ལུས་པོ་དོ་མཉམ་བྱེད་པ་དང་།()རྫིའུ་ལ་བརྟེན་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་ཚོད་འཛིན་བྱེད་པ་དེ་ཡིན།
༧ བྱའི་མཐོང་ཚོར་ཧ་ཅང་རྣོ་ཞིང་།ལ་ལས་མྱུར་འཕུར་བྱེད་སྐབས་ཀྱང( )འཛིན་ཐུབ།()མཆུ་ཏོ་མཁྲེགས་པོས()ལེན་པ་ཡིན།()མེད།( ) མང་ལ()ཆེ།
༨ འོ་འཐུང་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ་ནི། ལུས་ངོས་ནི་()དང་། མངལ་སྐྱེས་དང()ཡིན་ལ།སོ་ནི་()མཆེ་བ་()བཅས་སུ་གྱེས་འགྱུར་བྱུང་ཡོད།
གསུམ། བརྡར་ཤ་གཅོད་པ།( སྐར༥)
༡ སྐུད་དབྱིབས་སྲོག་ཆགས་ཚང་མ་འཁྲི་སྐྱེ་ཅན་ཡིན། ( )
༢ ཚིགས་སུག་སྲོག་ཆགས་ཀྱི་ཡན་ལག་ལ་ལྷུ་ཚིགས་ཡོད་པ་ལས་ལུས་པོར་ལྷུ་ཚིགས་གྱེས་མེད།
( )
༣ གཉིས་གནས་སྲོག་ཆགས་ཁ་ཤས་ཚེ་གང་བོར་ཆུའི་ནང་དུ་འཚོ་བཞིན་ཡོད།( )
༤ མདུན་སུག་གཤོག་པར་གྱུར་ནི་བྱ་རིགས་འཕུར་བར་འཕྲོད་པའི་ཁྱད་རྟགས་ཁོ་ན་
ཡིན།( )
༥ ས་སྲིན་ཏ་ལ་ནི་རེང་སྤུ་ཁོ་ནར་བརྟེན་ནས་འགུལ་སྐྱོད་བྱེད་པ་ཡིན།( )
བཞི། བསྡུས་ལན་འདེབས་པ།(སྐར༡༠ )
༡ ཉ་ཆུའི་ནང་དུ་འཚོ་ཐུབ་པའི་རྒྱུ་མཚན་ཅི་ཡིན།
༢ བྱ་རིགས་འཕུར་བར་འཕྲོད་པའི་ཁྱད་ཆོས་གང་དག་ལྡན།
ལྔ ། རི་མོར་བལྟས་ནས་ལན་འདེབས་པ།(སྐར༡༠ )
རི་མོ་འདི་ལ་ལྟ་ཞིབ་བྱས་ཏེ། ཡོས་བུ་དང་སྤྱང་ཀིའི་སོ་སྡུར་དགོས།

༡ ཡོས་བུ་དང་སྤྱང་ཀིའི་སོ་ལ་ཐུན་མོང་གི་ཁྱད་ཆོས་ཅི་ཡོད།(སྐར༣ )
༢ ཡོས་བུ་དང་སྤྱང་ཀིའི་སོ་ལ་མི་འདྲ་ས་ཅི་ཡོད།(སྐར༣ )
༣ སོ་གྱེས་འགྱུར་བྱུང་བ་དེ་གཟན་ལེན་པ་དང་འཇུ་བར་དོན་སྙིང་ཅི་ཡོད།(སྐར༤ )
༢༠༡༨‑‑༢༠༡༩
ལོའི་ལོ་རིམ་བརྒྱད་པའི་སྟོད་ཆའི་སྐྱེ་དངོས་དཀྱིལ་རྒྱུགས་རྒྱུགས་གཞིའི་རྒྱུགས་ལན།
གཅིག གདམ་གསེས།(སྐར༤༠)
༡ ཀ ༢ ང ༣ ཁ ༤ ཀ ༥ ཁ ༦ ག ༧ ཁ ༨ ག ༩ ག ༡༠ ང ༡༡ ཀ ༡༢ ཁ
༡༣ ང ༡༤ ཁ ༡༥ ཁ ༡༦ ང ༡༧ ཁ ༡༨ ག ༡༩ ཁ ༢༠ ཀ
གཉིས། ཁ་སྐོང་།( སྐར༣༠ )
༡ རྩིབས་འཕྲོ་ཆ་འགྲིག ཕྲ་ཕུང་ཚེར་ཅན ། ཁ། གཞང་སྒོ།
༢ གཞོགས་གཉིས་ཆ་འགྲིག ལྟོ་རྒྱབ་ལེབ་མོ ། ཁ། གཞང་སྒོ །
༣ ཕྲ་ཞིང་རིང ་། ཀ་ཟླུམ་དབྱིབས། རྭ་རྒྱུའི་རིམ། ཁ། གཞང་སྒོ།
༤ སུག་པ། མུར་ལྕིབས། དབུགས་གཟུགས།
༥ རེག་རྭ སུག་པ། གཤོག་པ།
༦ མཇུག་རྫིའུ། བྲང་། རྒྱབ། ལྟོ། མཇུག མཇུག
༧ གཟན། རྭ་རྒྱུའི། གཟན་ཆས། སོ། ཟ་ཚད། འཇུ་སྟོབས།
༨ སྤུ། འོ་འཐུང་། མདུན་སོ། འགྲམ་སོ།
གསུམ། བརྡར་ཤ་གཅོད་པ།( སྐར༥)
༡ ནོར། ༢ ནོར། ༣ ནོར། ༤ ནོར། ༥ ནོར།
བཞི། བསྡུས་ལན་འདེབས་པ།(སྐར༡༠ )
༡ ལན། ཁྱད་ཆོས་གཉིས་ཏེ། གཅིག ཆུར་རྐྱལ་ནས་གཟན་ཆས་ལེན་པ་དང་། དགྲའི་གནོད་འཚེ་ལས་གཡོལ་ཐུབ་པ། གཉིས།ཆུའི་ནང་དུ་དབུགས་འབྱིན་རྔུབ་བྱེད་པ།
༢ 1 ལུས་ཕུང་ཟགས་ཐིག་དབྱིབས་སུ་མངོན་པ། 2 ལུས་ངོས་སྒྲོ་ཡིས་ཁེབས་པ།མདུན་སུག་གཤོག་པར་འགྱུར་བ།
3 རུས་ཀྲང་ཡང་ཞིང་སྲབ་པ། མཁྲེགས་པོ་ཡིན་པ། རུས་པ་ལ་ལའི་ནང་ཁོག་སྟོང་ཡིན། 4 བྲང་རུས་ཕྱིར་འབུར་བ།བྲང་ཤ་དར་ཤིང་རྒྱས་པ། 5 བྱའི་མཐོང་ཚོར་རྣོ་བ། 6 ཟ་ཚད་མང་ལ་འཇུ་སྟོབས་ཆེ་བ།7 བྱ་ཡི་འབྱིན་རྔུབ་བྱེད་ནུས་ཆེ་བ།
ལྔ ། རི་མོར་བལྟས་ནས་ལན་འདེབས་པ།(སྐར༡༠ )
རི་མོ་འདི་ལ་ལྟ་ཞིབ་བྱས་ཏེ། ཡོས་བུ་དང་སྤྱང་ཀིའི་སོ་སྡུར་དགོས།
༡ གཉིས་ཀར་མདུན་སོ་དང་འགྲམ་སོ་ཡོད་པ།
༢ ཡོས་བུ་ལ་མཆེ་བ་མེད། སྤྱང་ཀི་ལ་མཆེ་བ་ཡོད།
༣ གཟན་ལེན་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། གཟན་ཆས་འཇུ་སྟོབས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ།
|
|
|
|
|