2018ལོའི་སློབ་འབྲིང་གཉིས་པའི་སྐབས་དགུ་བའི་བོད་རྒྱ་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ།
ཇི་སྐད་དུ། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།།
དང་པོ་དེ་ཉིད་ལེགས་པར་སྦྱངས་པ་གཙོ།། ཞེས་གསུངས་པ་ལྟར།
འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་རྩ་སྟེ་སློབ་གཉེར་བ་ཞིག་ཡིན་ཕྱིན་དེ་ཐོག་མར་
ལེགས་པར་སྦྱང་རྒྱུ་གལ་ཆེ་བས།ད་རེས་ངེད་སློབ་སྟོན་ཁང་གིས་སློབ་མའི་ཡིག་གཟུགས་ཇེ་ལེགས་
དང་།ལེགས་པ་རྒྱུན་འཁྱོངས་བྱེད་པར་དམིགས་ཏེ།བོད་རྒྱ་ཡིག་གཟུགས་ཀྱི་འགྲན་སྡུར་ཞིག་སྤེལ་
རྒྱུ་ཡིན།
གཅིག ཆ་རྐྱེན།
1. ལོ་རིམ་བདུན་པ་དང་བརྒྱད་པ།དགུ་བ་སྟེ་ཚན་སྐོར་གསུམ་དུ་བགོས་ཏེ་འགྲན་སྡུར་བྱ་རྒྱུ་ཡིན།
2.འཛིན་གྲྭ་སོ་སོ་ལས་བོད་ཀྱི་ཡིག་གཟུགས་འབྲི་མཁན་གསུམ་དང་རྒྱའི་ཡིག་གཟུགས་འབྲི་མཁན་གཉིས་རེ་ཞུགས་ཆོག
3.བོད་ཀྱི་ཡིག་གཟུགས་སྐོར་ལ་བཅད་སྨྱུག་གིས་འབྲི་དགོས་པ་ལས་ལྕགས་སྨྱུག་དང་ཞ་སྨྱུག སྣུམ་སྨྱུག་སོགས་གང་རུང་གིས་འབྲི་མི་ཆོག
4.རྒྱའི་ཡིག་གཟུགས་སྐོར་ལ་ལྕགས་སྨྱུག་དང་སྤུ་སྨྱུག་གང་རུང་ཡིན་ཆོག
5.བྲི་བྱའི་ནང་དོན་དང་འབྲི་ཤོག་ངེད་སློབ་སྟོན་ཁང་གིས་མཁོ་སྤྲོད་བྱ་ངེས་ཡིན།
གཉིས། ས་གནས་དང་དུས་ཚོད།
1. སློབ་མའི་ཇ་ཁང་གི་ཉིས་ཐོག
2. 2018ལོའི་12པའི་ཚེས7ཉིན། ༼གཟའ་པ་སངས༽ ཉིན་གུང་གི་དུས་ཚོད
1:20 ནས་ 2:20བར་ཡིན།
(གསལ་བཤད། འགྲན་ཞུགས་ཀྱི་མིང་ཐོ་ཡར་སྤྲོད་མི་དགོས། འགྲན་ཞུགས་པ་ལྔ་རེ་་ཐད་ཀར་འགྲན་
རའི་ནང་ཡོང་ཆོག)
སློབ་སྟོན་ཁང་གིས།
2018.12.3