ཀུན་སྤྱོད་ཁང་གི་ལོ་སྟོད་ཀྱི་བྱ་བའི་སྤྱི་བསྡོམས་དང་ལོ་སྨད་ཀྱི་བྱ་བའི་འཆར་གཞི།
གུས་པར་འོས་པའི་སློབ་གྲྭའི་འགོ་ཁྲིད་དང་སྙིང་ཉེ་བའི་དགེ་གྲོགས་རྣམ་པ།ཚང་མ་ཕྱི་དྲོ་བདེ་ལེགས།
ཚོགས་འདུའི་རེ་འདུན་ལྟར།ངས་འདི་ནས་ལོ་སྟོད་ཀྱི་ཀུན་སྤྱོད་ཁང་གི་བྱ་བའི་སྤྱི་བསྡོམས་དང་ལོ་སྨད་ཀྱི་བྱ་བའི་འཆར་གཞི་རགས་ཙམ་བཤད་རྒྱུ་ཡིན།
གཅིག ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་རགས་བསྡུས།
༡.སློབ་གྲྭའི་འགོ་ཁྲིད་ཀྱི་རེ་བ་དང་ལས་ཕྱོད་ཆེ་རུ་གཏོང་ཆེད། ལས་མིའི་ཁྱད་ཆོས་ལྟར་ལས་བགོས་ཞིབ་ཚགས་བྱས་པས་སྤྱིའི་ཆ་ནས་བྱ་བའི་འཐུས་ཤོར་ཆེན་པོ་བྱུང་མེད་པ། ༢.གོང་རིམ་ཡིག་ཆའི་དགོངས་དོན་ལྟར་རྒྱལ་གཅེས་ཁྲིམས་སྐྱོང་སློབ་གསོ། སློབ་འགོ་རྩོམ་པའི་སློབ་ཐུན་དང་པོ། འཆམ་མཐུན་བརྟན་འཇགས་ཀྱི་ཁྱིམ་ཚང་སློང་གསོ་སོགས་དུས་ལྟར་ཚད་ལྡན་ངང་སྤེལ་ནས་སློབ་མའི་རྒྱལ་གཅེས་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྱིམ་ཚང་སློབ་གསོར་ཤུགས་སྣོན་བྱས་པ། ༣.སློབ་གྲྭའི་འགོ་ཁྲིད་ཚན་ཆུང་གི་ཉིན་རེས་པ་དང་དགེ་རྒན་ཚོའི་གཟའ་རེས་པ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་སློབ་གྲྭའི་དོ་དམ་དང་བདེ་འཇགས་ལ་ཤུགས་སྣོན་བྱས་པ། ༤.བདེ་འཇགས་སློབ་གསོའི་འཆད་ཁྲིད་དང་ས་འགུལ་ཉེན་གཡོལ།མེ་གསོད་སྦྱོང་བརྡར་སོགས་དུས་ལྟར་སྤེལ་ནས་དགེ་བཟོ་བའི་ཉེན་གཡོལ་འདུ་ཤེས་མཐོར་འདེགས་དང་ཉེན་གཡོལ་བྱེད་ཐབས་སྦྱོང་བརྡར་བྱས་པ།
༥.སྒྲིག་འགལ་སློབ་མའི་སྐྱོན་བརྗོད་སློབ་གསོར་ཤུགས་སྣོན་བྱས་པ་དང་།སྒྲིག་འགལ་སྔོན་འགོག་བྱེད་ཆེད་དུས་ངེས་མེད་དུ་སློབ་མའི་མལ་ཁང་དུ་ཞིབ་བཤེར་བྱས་པ་དང་སློབ་གྲྭའི་ཕྱི་རའི་གྱང་རྩ་ནས་སྒུག་དེ་སྒྲིག་འགལ་སློབ་མ་རེ་འགའ་བཟུང་བ། ༦.སློབ་རའི་གྱང་ངོས་ལ་ནག་ནོག་བྱས་པར་ཆད་པ་བཅད་བ་དང་།སློབ་ལྭ་གོན་ཡོད་མེད་ལ་ཞིབ་བཤེར་བྱས་ནས་སློབ་གྲྭའི་སྣང་བརྙན་ལེགས་པོ་ཞིག་བསྐྲུན་པ། ༧.འབྲེལ་བ་གསུམ་དང་ཁག་འཁུར་བཞིའི་ལམ་ལུགས་འཐུས་ཚང་བཏང་ནས་འགོ་ཁྲིད་དང་འཛིན་བདག བསླབ་འཁུར་དགེ་རྒན་སོ་སོའི་འགན་འཁྲི་གསལ་བོ་བྱས་པ།
གཉིས། གནས་པའི་གནད་དོན།
༡.དམའ་གཅིག་གི་གནད་སའི་གཅེས་སྐྱོང་སློབ་མའི་སློབ་གསོ་དང་ཡིག་ཚགས་ཐད་ད་དུང་ཁ་གསབ་དགོས་པ། ༢.འཛིན་བདག་དང་མཉམ་འབྲེལ་བྱས་པ་མ་འདང་བའི་རྐྱེན་གྱིས་འཛིན་གྲྭའི་ནང་དགེ་རྒན་ལ་ངོ་རྒོད་བྱེད་པ་དང་།ལས་བཟོ་བར་རྣམ་འགྱུར་མི་ལེགས་པ་སྟོན་པའི་གནད་དོན་ རེ་འགའ་ཡོད་པ་མ་ཟད།སློབ་མའི་གནང་ཞུའི་འགྲོ་ལུགས་མ་སྒྲུབ་པར་སྒོར་འགྲོ་བའི་གནས་ཚུལ་ཡང་ཡོད་པ། ༣.སློབ་ལ་གྱོན་པ་རྒྱུན་ལྡན་ཅན་དུ་གཏོང་བར་ཤུགས་སྣོན་བྱེད་དགོས་པ། ༤.སློབ་མ་བུ་མོའི་སེམས་ཁམས་བདེ་ཐང་སློབ་གསོ་དུས་ལྟར་སྤེལ་མ་ཐུབ་པ། ༥.སློབ་མའི་ཚོགས་པའི་རྩ་འཛུགས་ཐད་ནུས་པ་ཐོན་མེད་པ། ༥.གཞུང་སྒྲུབ་ཁང་གི་ལས་བགོས་ལ་ལྟ་རྟོགས་བྱས་པ་མི་འདང་བ།
གསུམ། ལོ་སྨད་ཀྱི་བྱ་བའི་འཆར་གཞི་རགས་བསྡུས།
༡.མུ་མཐུད་དུ་ལས་བགོས་ཆ་ཚང་དུ་བཏང་ནས་ལས་མིར་ལས་ཀ་མེད་པའི་གནས་ཚུལ་རྩ་མེད་གཏོང་བ། ༢.ཡང་བསྐྱར་བཀོད་སྒྲིག་བྱས་ནས་དམའ་གཅིག་གི་གནད་སའི་གཅེས་སྐྱོང་སློབ་མའི་ཞིབ་བཤེར་རྩིས་ལེན་དང་ཡིག་ཚགས་འཐུས་ཚང་དུ་གཏོང་བ།
༣.ཆད་པ་གཅོད་རྒྱུ་ང་ཚོའི་དམིགས་འབེན་མིན་པས།འཛིན་བདག་དང་མཉམ་འབྲེལ་ཐད་ཤུགས་སྣོན་བྱས་ནས་སྒྲིག་འགལ་སྔོན་འགོག་སློབ་གསོ་ཤུགས་སྣོན་བྱེད་རྒྱུ། ༤.བདེ་འཇགས་སློབ་གསོ་དང་སྦྱོང་བརྡར་ཐད་མུ་མཐུད་ཤུགས་སྣོན་བྱེད་རྒྱུ། ༥. སློབ་ལྭ་གྱོན་པ་རྒྱུན་ལྡན་ཅན་དུ་གཏོང་རྒྱུ། ༦.མལ་ཁང་དོ་དམ་པ་དང་སྒོ་སྲུང་བའི་དོ་དམ་ལ་ཤུགས་སྣོན་བྱས་ནས་དགོང་མོ་མལ་ཁང་དུ་གནད་དོན་མེད་པ་དང་།ཉིན་མོ་གནང་ཞུ་མེད་པར་སྒོར་འགྲོ་མི་ཐུབ་པ་བྱེད་རྒྱུ། ལས་གནས་བརྟན་སྲུང་རྒྱུན་ལྡན་ཅན་དུ་གཏོང་རྒྱུ། ༧.དམིགས་འབེན་གསལ་བའི་འཛིན་བདག་གི་ཚོགས་འདུ་ཞིག་འཚོགས་རྒྱུ། ༨.ལས་རེས་པའི་ལྟ་རྟོགས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ༩ . དགེ་རྒན་ལ་ངོ་རྒོད་བྱེད་པ་དང་ལས་བཟོ་བར་རྣམ་འགྱུར་མི་ལེགས་པ་སྟོན་པར་སྒྲིག་ལམ་ནན་མོ་བཅའ་རྒྱུ།
བཞི། རེ་བ།
༡.སློབ་མར་སྒྲིག་ལམ་བཅའ་རྒྱུ་དེ་ཀུན་སྤྱོད་ཁང་དང་འགོ་ཁྲིད་ཚན་ཆུང་། འཛིན་བདག་གི་འགན་འཁུར་ཙམ་དུ་བརྩི་བར་དགེ་རྒན་ཡོངས་ཀྱི་སྒྲིག་ལམ་བཅའ་རྒྱུ།
༢.སྒོ་སྲུང་དང་མལ་ཁང་དོ་དམ་པའི་ལས་ཀར་བརྩི་འཇོག་བྱས་ནས་མལ་ཁང་ལ་གཙང་སྦྲ་དུས་ལྟར་བྱེད་པ་དང་འགྲོ་ལུགས་གང་ཡང་མ་སྒྲུབ་པར་སློབ་མ་སྒོར་འགྲོ་རུ་མི་འཇུག་རྒྱུ་མཁྱེན། བཀའ་དྲིན་ཆེ།
༢༠༡༩ . ༨ . ༣༠