当前位置: 首页 > 通知公告 > 食堂从业人员工作制度(藏文版)

食堂从业人员工作制度(藏文版)

2019年11月06日 14:29:32 访问量:606 作者:仁青三智

༄༅།།རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ཇ་ཁང་

ལས་བཟོ་བའི་འགན་ལེན་ཡི་གེ

སློབ་མ་དེ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་སློབ་གྲྭ་ནི་རང་ཁྱིམ་དྲོན་མོ་ཡིན་པའི་སྤྲོ་སྣང་ཡག་པོ་ཞིག་སྦྱིན་ཕྱིར།རང་སློབ་གྲྭའི་སློབ་ཨུ་ཚོགས་པས་ཆེད་དུ་ཉལ་ཁང་དོ་དམ་ལས་བཟོ་བའི་འགན་ལེན་ཡི་གེའི་ནང་དོན་གཏན་ལ་ཕབ་པ་གཤམ་ལྟར།

གཅིག ཇ་ཁང་ལས་བཟོ་མི་སྣ་བསྡུ་ལེན་བྱེད་སྐབས་ལས་ཀར་ཅུང་བྱང་ཆ་ཡོད་པ་དང་ངལ་རྩོལ་ཞབས་ཞུའི་ནུས་བ་ཡོད་པའི་མི་སྣར་གཞི་བྱས་ཐོག གོང་རིམ་འཕྲོད་བསྟེན་ལས་ཁུངས་ཀྱི་གཏན་འཁེལ་ལྟར་རྫོང་རིམ་པ་ཡན་གྱི་རིམས་ནད་སྔོན་འགོག་སྡེཁག་ནས་ལུས་པོ་བརྟག་དཔྱད་བརྒྱུད་ལུས་ལ་མཆིན་ཚད་ཁ་བ་དང་། གློ་བའི་ནད་སོགས་འགོས་ནད་གྱི་རིགས་ཅི་ཡང་མེད་པའི་ཆ་རྐྱེན་འོག་ལས་ཞུགས་ལས་བཟོ་བའི་བདེ་ཐང་དཔང་ཡིག་ལྟར་བྱ་བའི་རྣམ་འགྱུར།སློབ་མ་སྐྱོང་བའི་རང་གཤིས་དང་ལྷག་བསམ།བྱ་བའི་སྤྲོ་སྣང་བཅས་ལ་གཞིགས་ནས་ལས་ཞུགས་ལས་བཟོ་བའི་རང་གཞན་གཉིས་ཀྱི་ཕྱོགས་གང་ཅིའི་བདེ་འཇགས་སྐོར་གྱི་སྒྲིག་སྲོལ་ལམ་ལུགས་བརྒྱུད་བསྒྲགས་དང་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པ་དང་ལོ་གཅིག་གི་གན་རྒྱ་བཞག་ནས་མིང་ཐོ་འགོད་པ་དང་ལས་ཀར་ཞུགས་དགོས།

གཉིས།  ཇ་ཁང་གི་ལས་བཟོ་བ་སུ་ཡིན་རུང་ལོ་ཚོད་18—35བར་ཡིན་དགོསཔ་དང་།ལས་ཀར་མ་ཞུགས་གོང་རང་ཉིད་ཀྱི་ཁག་བགོས་ལས་ཀའི་འགན་འཁྲིའི་ཡི་གེའི་ནང་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་བརྒྱུད་སློབ་མའི་ཟས་གཡོ་བསྐོལ་གྱི་ལས་ཀར་དངོས་སུ་ཞུགས་དགོས་པ་ལས་ཧོལ་རྒྱུགས་དང་འོལ་ཚོད་ཀྱིས་ལས་ཀར་གཏན་ནས་ཞུགས་མི་ཆོག

གསུམ། ཇ་ཁང་གི་ལས་བཟོ་བ་སུ་ཡིན་རུང་ལས་ཀར་ཞུགས་ཉིན་ནས་གང་འདོད་ཀྱིས་མི་སྣ་བརྗེ་སྤོར་མི་བྱ་བ་དང་གལ་ཏེ་གནང་བ་ཞུ་དགོས་ཚེ་རིམ་པ་སོ་སོ་བརྒྱུད་ནས་སྤྱི་བའི་སློབ་གཙོས་གནས་ཚུལ་རྒྱུས་ལོན་བྱ་དགོས།

བཞི། ཇ་ཁང་གི་ལས་བཟོ་བ་སུ་ཡིན་རུང་དུས་རྒྱུན་ལས་གནས་བརྟན་སྲུང་བྱ་དགོས་པ་མ་ཟད་ལས་ཞུགས་དུས་ཚོད་ནང་སློབ་མའི་ཟ་མ་གཡོ་བསྐོལ་དང་མི་སྒེར་དང་ཇ་ཁང་གི་གཙང་སྦྲ་ལ་རང་ཁྱིམ་གྱི་འདུ་ཤེས་འཛིན་དགོས།

ལྔ། ལས་བཟོ་བ་ཕན་ཚུན་ལ་མཐུན་སྒྲིལ་ཡག་པོ་དགོས་པ་མ་ཟད།ཁ་འཁོན་འཛིང་རེས།ཆང་འཐུང་དུ་འཐེན་སོགས་ཀྱི་ཐ་ཤལ་གྱི་སྣང་ཚུལ་ལ་གཟབ་གཟབ་བྱེད་དགོས།

དྲུག ཇ་ཁང་གི་ལས་བཟོ་བས་སློབ་མར་ཕྱོགས་རིས་མི་འཛིན་པ་དང་བྱ་བའི་ཁྲོད་སྡང་སྡིག་སོགས་དོན་དག་འདྲ་བྱུང་ཚེ་ཡོད་ཚད་མི་རང་ཉིད་ནས་འགན་འཁུར་དགོས།

བདུན། དུས་རྒྱུན་སློབ་གྲྭ་སྤྱིའི་བྱ་འགུལ་སྟེ་ས་འགུལ་དང་མེ་འགོག་སྦྱོང་བརྡར་སོགས་ལ་ཧུར་བརྩོན་གྱིས་ཞུགས་དགོས།

བརྒྱད། རང་རང་གི་ལས་ཀའི་ཁྲོད་གོང་གི་ནང་དོན་དང་འགལ་བའི་བྱ་བའི་ནོར་འཛོལ་བྱུང་ཚེ།2014ལོའི་ཡིག་ཨང་07སྟེ་རྩེ་ཁོག་རྫོང་སློབ་གསོ་སྡེ་ཁག་གི་སློབ་རའི་བདེ་བརྟན་བྱ་བའི་བྱ་བའི་ འགན་འདེད་ལམ་ལུགས་གནས་སྐབས་ལག་བསྟར་བརྡ་སྦྱོར་གྱི་བླང་བྱ་ལྟར་ལག་བསྟར་བྱ་རྒྱུ་ཡིན།

དགུ  ངེས་པར་དུ་རྫོང་མི་དམངསསྨན་ཁང་ནས་སློབ་གྲྭའི་བཀོད་སྒྲིག་ལྟར་གཅིག་གྱུར་གྱིས་ལོ་རེར་ལུས་ཕུང་བརྟགས་དཔྱད་ཐེངས་རེར་བྱ་དགོས།

བཅུ། ལས་ཀའི་སྐབས་དང་ལམ་བར་སོགས་བདེ་འཇགས་དང་ཆག་སྒོའི་དོན་རྐྱེན་ཅི་བྱུང་རུང་ ཡོད་ཚད་ལ་མི་ཉིད་ནས་འགན་ཁུར་དགོས།

བཅུ་གཅིག ལས་ཀར་ཞུགས་པའི་ཐོག་མའི་ཟླ་བའི་ནང་དམངས་སྒོར་1000རྐྱང་སློབ་གྲྭའི་དངུལ་གཉེར་བར་གཏའ་མ་འཇོག་དགོས།

བཅུ་གཉིས། སྤྱིར་བཏང་ཇ་མའི་ཟླ་ཕོག་སྒོར་1800ཡིན་ལ།ལས་ལོ་ལྟར་ལོ་རེར་སྒོར་100ཡི་འཕར་སྣོན་གཏོང་བ་དང་ཟླ་ཕོགས་ཀྱི་ཆེས་མཐོ་བའི་འཕར་ཚད་སྒོར་2000རྐྱང་ཡིན།

编辑:仁青三智
上一篇:大宗物资采购
下一篇:保洁员工作制度
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息举报中心 垃圾信息举报中心 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县第二民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 泽库县第二民族中学 版权所有
联系地址:青海省泽库县泽曲镇泽雄南路第二民族中学
北京网笑信息技术有限公司 仅提供技术支持 违法和不良信息举报中心