当前位置: 首页 > 教务 D T > 九年级政治上中

九年级政治上中

2019年10月16日 16:15:44 访问量:126 作者:李卜太

༢༠༡༨-༢༠༡༩ལོའི་སློབ་སྐབས་སྟོད་ཀྱི་དམའ་གསུམ་བསམ་བློ་ཀུན་སྤྱོད་ཀྱི་དཀྱིལ་རྒྱུགས་འདྲི་གཞི།

དང་པོ།   འདེམ་གསེས།10×2=20

༡.ཚེ་རིང་གི་སློབ་ཆུང་སྐབས་ཀྱི་རྒྱུགས་འབྲས་ནི་འཛིན་གྲྭའི་ནང་གི་རྩེ་གྲས་ཡིན།ཚེ་རིང་གིས་ནམ་རྒྱུན་རང་གི་སློབ་ཆུང་སྐབས་ཀྱི་རྒྱུགས་འབྲས་བཟང་ཚུལ་སློབ་གྲོགས་རྣམས་ལ་ལབ་གླེང་བྱེད་ཀྱིན་ཡོད།ཁོའི་བྱེད་སྟངས་འདི་ནི༼              ༽

ཀ རང་གིས་རང་ལ་ཡིད་ཆེས་བྱེད་པ།          ཁ རང་རློམ།          ག རང་བརྩིའི་བསམ་པ།              ང རང་སྟོབས་རང་སྤེལ་བྱེད་པ།

༢.ལྗང་མདོག་གི་མགྲོན་པོ་བརྗོད་གཞི་བྱས་པའི་༢༠༡༣ལོའི་སའི་གོ་ལའི་དུས་ཚོད་གཅིག་ཅེས་པའི་ཆུ་ཚོད་གཅིག་ལ་གློག་སྒྲོན་གཟིམ་པའི་བྱ་འགུལ་ཁྲོད་རྒྱལ་ཁབ་མང་པོ་ཞུགས་པ་རེད།གོང་གི་བརྗོད་དོན་དང་མི་མཐུན་པ་ནི ༼              ༽

ཀ རྒྱུན་མཐུད་གོང་འཕེལ་གྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དོན་འཁྱོལ་བྱེད་པ།

ཁ ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ།

ག ཐོན་སྐྱེད་མཚམས་བཞག་ནས་ཁོར་ཡུག་སྲུང་སྐྱོབ་དང་།འབག་བཙོག་གཏན་འགོག་བྱེད་པ།

ང དམངས་ཡོངས་ཀྱི་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་གཏོང་བ།

༣.བཟང་ངན་དང་བདེན་རྫུན་གྱི་དབྱེ་བ།བྱ་བ་ཞིག་སྒྲུབ་འོས་མིན་གྱི་ཚད་གཞི་ནི ༼              ༽

①  བཅའ་ཁྲིམས།                  མི་གཞན་ལ་བྱས་པའི་ཁས་ལེན།            ཀུན་སྤྱོད                     སྒྲིག་ལམ་དང་སྒྲིག་སྲོལ།                 

①②③                          ①②③④                    ②③④                                       ①③④

༤.2013ལོར་རང་རྒྱལ་ལ་མི་གྲངས་དུང་ཕྱུར13ཡོད་པ་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྤྱིའི་མི་གྲངས་ལས་བརྒལ་བ་དང་།དེའི་རང་རྒྱལ་གྱི་སློབ་གསོ་དང་སྨན་བཅོས།ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་གནོན་ཤུགས་ཆེན་པོ་ཐེབས་ཡོད།འཆར་ལྡན་བུ་བཙའ་སྲིད་ཇུས་ལག་བསྟར་བྱས་པས་གོང་གསལ་གནད་དོན་ཐག་གཅོད་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད།དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་།རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བར་ནུས་པ་ཆེན་པོ་ཐོན་ཡོད།འདི་ལས་གསལ་བཤད་བྱས་

ཡོད་པ་ནི༼          ༽

མི་འབོར་མང་བས་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བརཤུགས་རྐྱེན་ཐེབས་པ།              མིའི་བྱང་ཚད་ཅུང་དམའ་བ།     

མི་འབོར་ཁྱབ་ཚུལ་སྙོམས་པོ་མེད་པ།

མི་འབོར་ལ་ཚོད་འཛིན་བྱས་ནས་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་བྱེད་པ།   

①②                          ②③                    ③④                                       ①④

༥.གཤམ་ལས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དང་འབྲེལ་བའི་བཤད་ཚུལ་ཡང་དག་པ་ནི ༼              ༽

ཐོག་མའི་དུས་རིམ་ནི་ཀྲུང་གོ་གསར་བ་བཙུགས་པ་ནས་བརྩིས་ན་མ་མཐར་ཡང་ལོ་བརྒྱ་ཡི་དུས་ཚོད་དགོས།

ཐོག་མའི་དུས་རིམ་ཞེས་པ་ནི་དར་རྒྱས་ཆེན་པོ་མེད་པའི་དུས་རིམ་ལ་ཟེར།

ཐོན་སྐྱེད་ནུས་པའི་ཆུ་ཚད་ཅུང་དམའ་བ་ནི་ཐོག་མའི་དུས་རིམ་དུ་གནས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན།

ཐོག་མའི་དུས་རིམ་ནི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་པའི་སྤྱིའི་གཞི་འཛིན་ས་ཡིན།

①②③                          ①②③④                    ②③④                                       ①③④

༦. ༼                ༽ནི་སྤྱི་ཚོགས་ལ་འགན་འཁུར་བའི་གཅིག་སྡུད་ཀྱི་མཚོན་ཚུལ་ཡིན།

ཀ ཁྲིམས་གསལ་གྱི་འགན་འཁྲི་ཁུར་བ།                                        ཁ ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ།                                                           

ག ཐོན་ཁུངས་ལ་གྲོན་ཆུང་བྱེད་པ།                                        ང ལེགས་སྐྱེས་འབུལ་བའི་སྙིང་སྟོབས།

༧.གཤམ་ལས་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་དང་འབྲེལ་བའི་བཤད་ཚུལ་ནོར་བ་ནི ༼                

ཀ ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་གཞི་རྩའི་རྒྱལ་ཇུས་ཡིན། 

ཁ སྒོ་མོ་འབྱེད་པར་གཞན་གྱི་སྔོན་ཐོན་རིག་གནས་ནང་འདྲེན་བྱེད་དགོས།  

ག ཕྱི་ཕྱོགས་སྒོ་འབྱེད་ནི་ནང་འདྲེན་གྱི་སྲིད་ཇུས་ཡིན་པ་ལས་ཕྱིར་གཏོང་དང་འབྲེལ་བ་མེད། 

ང ཕྱི་ཕྱོགས་སྒོ་དབྱེ་བྱས་ན་རྒྱལ་ཁབ་ཕན་ཚུན་བར་གྱོང་ཁ་འབུར་གསོས་བྱེད་ཐུབ།

༨.གཤམ་ལས་རང་རྒྱལ་གྱི་ཁོར་ཡུག་གནད་དོན་ལ་མི་གཏོགས་པ་ནི ༼                

ཀ བཟོ་ལས་ཀྱི་བཙོག་སྐྱོན་སྔར་བཞིན་ཚབས་ཆེ་བ།    

ས་ཁུལ་ཁག་ཅིག་གི་ས་བཅུད་ཉམས་ནས་བྱེ་སྟོངས་སུ་འགྱུར་བཞིན་པ།

ག ཞབས་ཞུའི་ལས་རིགས་ལས་ཐོན་པའི་བཙོག་སྐྱོན་ཚབས་ཆེ་བ།

ང གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་སྐྱོན་གྱི་སྡུར་ཚད་འཕར་བཞིན་པ།

༩.གཤམ་ལས་རང་རྒྱལ་གྱི་ཚན་རྩལ་གནས་ཚུལ་དང་མི་མཐུན་པ་ནི ༼             

རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་འཚམ་པ།         

ཁ  སྤྱི་ཡོངས་ནས་ཚན་རྩལ་གྱི་ཆུ་ཚད་ཅུང་དམའ་བ།

ག ཚན་རྩལ་ཁ་ཤས་ཐད་འཛམ་གླིང་གི་སྔོན་ཐོན་ཡིན།             

ང ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱབ་ཁབ་དང་ཚན་རྩལ་ཐད་བར་ཁྱད་ཆེན་པོ་མེད་པ།

༡༠.ལས་འཁྱེར་ངལ་གསོ་བྱེད་པའི་དུས་ཚོད་ཕྱིར་འགྱིངས་བྱེད་པར་སྤྱི་ཚོགས་སྟེང་རྩོད་གཞི་ཆེན་པོ་བྱུང་།དེའི་རྒྱུ་རྐྱེན་དང་འབྲེལ་བའི་རང་རྒྱལ་གྱི་མི་འབོར་འཕེལ་བའི་ཁྱད་ཆོས་ནི ༼             

ཀ མི་འབོར་གྱི་གཞི་གྲངས་མཐོ་བ།འཕར་ཤུགས་ཆེ་བ།                  ཁ  གྲོང་གསེབ་ཀྱི་མི་འབོར་མང་བ།

ག མི་འབོར་ཁྱབ་ཚུལ་སྙོམས་པོ་མེད་པ་དང་ཕོ་མོའི་སྡུར་ཚད་སྙོམས་པོ་མེད་པ།

ང མི་འབོར་རྒན་རྒོན་ཅན་དུ་འགྱུར་ཚད་མགྱོགས་པ།

གཉིས་པ།  བརྡར་ཤ་གཅོད་པ།10×1=10

༡.སྒྲོལ་མས་གྲོགས་པོའི་རེ་བ་ཚང་མ་ཁས་ལེན་བྱེད།འདི་ལས་སྒྲོལ་མ་ནི་འགན་འཁྲིའི་འདུ་ཤེས་ལྡན་པའི་མི་ཞིག་ཡིན་པ་ཤེས་ཐུབ།༼ 

༢.ཕྱི་ཕྱོགས་སྒོ་འབྱེད་བྱེད་དགོས་ན་ནུབ་གླིང་གི་ཡོད་ཚད་ནང་འདྲེན་བྱེད་དགོས།༼         

༣.རྒྱུ་ནོར་ལ་རིགས་དགར་ན་མི་སྒེར་གྱི་རྒྱུ་ནོར་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་གཉིས་ཡོད།༼         

༤.ནར་མ་སོན་པའི་མི་ཁྲིམས་དང་འགལ་རུང་ཁྲིམས་ཆད་ཁུར་མི་དགོས།༼           

༥.རང་རྒྱལ་གྱི་གྱོད་གཞི་ལ་གཞུང་གཏུག་གྱོད་གཞི་དང་སྒེར་གཏུག་གྱོད་གཞི་གཉིས་ཡོད། ༼           

༦.རྩ་བའི་རྩ་དོན་བཞི་ནི་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་འགྲོ་བའི་རྨང་རྡོ་ཡིན། ༼           

༧.རང་རྒྱལ་གྱི་གྲོང་ཁྱེར་ཁོར་ཡུག་ལ་འབག་བཙོག་བཟོས་ཡོད་པ་ལས་གྲོང་གསེབ་ཀྱི་ཁོར་ཡུག་ལ་གནོད་པ་ཐེབས་མེད། ༼           

༨.ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་ནི་རང་རྒྱལ་གྱི་ཁྲིམས་ཆད་གཙོ་བོའི་རིགས་ལ་གཏོགས། ༼           

༩.བཅའ་ཁྲིམས་ལ་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་ལྡན་ཡོད། ༼           

༡༠.སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཡོང་བའི་རྨང་གཞི་ཡིན། ༼           

གསུམ་པ།  དྲིས་ལན་འདེབས་པ4×5=20

༡.གང་འདྲ་ཞིག་ལ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཟེར།

 

༢.འཛད་སྤྱོད་པར་ཁེ་དབང་གང་དག་ཡོད།

 

༣.ཉེས་གསོག་གི་རྩ་བའི་ཁྱད་ཆོས་གང་དག་ཡོད།

 

༤.ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱི་ནང་དོན་ཅི་ཡིན།

 

བཞི་བ།  དཔྱད་གཞི་དབྱེ་ཞིབ།50

༡.ཨ་ཁུ་ཟླ་བ་དང་ཨ་ནེ་མཚོ་མོ་བཟའ་ཟླ་གཉིས་ལ་བུ་ཚེ་རིང་དང་བུ་མོ་ལྷ་མོ་གཉིས་ཡོད།ཨ་ཁུ་ཟླ་བ་ཟའ་ཟླ་གཉིས་ཚེ་ལས་འདས་རྗེས་རྒྱུ་ནོར་ཤུལ་འཛིན་ཐད་རྩོད་གཞི་བྱུང་།ཨ་ཁུ་ཟླ་བའི་ཚ་བོ་བཀྲ་ཤིས་ཀྱིས་བཤད་རྒྱུར་ང་ཡང་ཁྲིམས་གསལ་གྱི་ཤུལ་འཛིན་མི་སྣ་ཡིན་པས་ཤུལ་འཛིན་བྱེད་དབང་ཡོད་ཟེར།

(1)གོང་གི་རྩོད་གཞི་ཁྲོད་རང་རྒྱལ་གྱི་ཤུལ་འཛིན་བཅའ་ཁྲིམས་ལྟར་ན་ཨ་ཁུ་ཟླ་བའི་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་སུ་ལ་ཡོད།

 

(2)གོང་གསལ་གྱི་ཤུལ་འཛིན་བྱ་ཐབས་འདི་རང་རྒྱལ་གྱི་ཤུལ་འཛིན་བྱ་ཐབས་ལས་རིགས་གང་ལ་གཏོགས།3

 

(3)རང་རྒྱལ་གྱི་ཤུལ་འཛིན་བཅའ་ཁྲིམས་ལྟར་ན་ཤུལ་འཛིན་གྱི་གོ་རིམ་གཉིས་པའི་ནང་མི་གང་དག་ཡོད།4

 

༢.ཉིན་ཞིག་སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་སྐབས།ཚེ་རིང་སྤྱི་ཚོགས་སྟེང་གི་འཁྱམ་པོ་འགའ་ལ་འཕྲད་ནས་ཁོའི་ལག་གི་ཁ་པར་འཕྲོག་རྩིས་བྱས།

(1)གལ་སྲིད་ཁྱོད་ཚེ་རིང་ཡིན་ན།སྐབས་འདིར་སུ་ལ་ཁ་པར་གཏོང་དགོས་སམ།4

 

(2)ཁ་པར་གཏོང་མ་ཐུབ་ཚེ་ཅི་ལྟར་བྱ་དགོས་སམ།4

 

༣.ད་ལྟའི་སྤྱི་ཚོགས་ནི་དྲ་རྒྱའི་དུས་རབས་ཡིན་ལ།དྲ་རྒྱའི་མི་སྒེར་གྱི་འཚོ་བ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་གཏིང་ཟབ་དུ་འགྲོ་བཞིན་ཡོད།སློབ་འབྲིང་སློབ་མ་སྐོར་ཞིག་དྲ་རྒྱར་དབྱིངས་ཞུགས་ནས་སློབ་སྦྱོང་དང་གཟུགས་གཞི་བདེ་ཐང་ལ་ཡང་གནོད་འཚེ་ཆེན་པོ་ཐེབས་བཞིན་ཡོད།

(1) དྲ་རྒྱར་དགེ་མཚན་ཡོད་དམ།  གང་དག་ཡིན།4

 

(2)དྲ་རྒྱ་ནི་དངོ་ཁ་གཉིས་ལྡན་གྱི་རལ་གྲི་ཞིག་ཡིན་ཟེར་དོན་ཅི།4

 

༤.སྤྱི་ལོ2008ལོའི་པེ་ཅིན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་།2010ལོར་ཧྲང་ཧེའི་་སྐབས41པའི་འཛམ་གླིང་དངོས་མང་འགྲེམ་ཚོགས་ལ་རྒྱལ་སྤྱིའི་སྟེང་གདེང་འཇོག་ཚད་མཐོན་པོ་ཐོབརང་རྒྱལ་གྱིས་རྩ་འཛུགས་བྱས་པའི་རྒྱད་གཅིག་ལམ་གཅིག་གི་མཉམ་ལས་ལ་འཛམ་གླིང་གི་རྒྱལ་ཁབ65ཞུགས་ནས་མ་དངུལ་གཏོང་བཞིན་ཡོད་ལ།དེས་འཛམ་གླིང་དང་ནང་སྒོས་སུ་ཡ་གླིང་གི་དཔལ་འབྱོར་གོང་འཕེལ་འགྲོ་བར་ནུ་པ་ཆེན་པོ་འདོན་བཞིན་ཡོད།

(1)གོང་གི་དཔེ་བརྗོད་ལས་རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབས་གང་འདྲ་མངོན་ཡོད།(5)

 

(2)འདི་ལྟ་བའི་གྲུབ་འབྲས་ལོན་པ་དེ་ཏང་གི་ཚོགས་འདུ་གང་ནས་འགོ་བརྩམས་པ་ཡིན།(3)

 

.སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་བྱེད་པར་མི་ཤུགས་དང་རྒྱུ་ཤུགས་གང་མང་འབུལ་བཞིན་ཡོད། དེ་ནི་རྒྱལ་ཁབ་ཞིག་གི་རྣང་བརྙན་དང་འབྲེལ་ཡོད་ལ།འཕེལ་རྒྱས་སོང་མིན་གྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན།

(1)གོང་གི་བརྗོད་བྱ་འདི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་གང་ལག་བསྟར་བྱས་པ་ཡིན།4

 

(2)སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་དང་མི་མཐུན་པའི་བྱ་སྤྱོད་གང་དག་ཡོད།4

 

.གཤམ་གྱི་རྒྱུད་གཅིག་ལམ་གཅིག་གི་དོན་མཚོན་རི་མོ་བལྟས་ནས་དྲི་བར་ལན་ཐོབས།

རྒྱུད་གཅིག་་ལམ་གཅིག་གིས་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་གང་མཚོན་ཡོད།རི་མོར་བལྟས་ནས་དེང་གི་འཛམ་གླིང་གི་འཕེལ་

རྒྱས་ཁ་ཕྱོགས་ལ་དབྱེ་ཞིབ་རགས་ཙམ་བྱོས།8

编辑:切本
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息举报中心 垃圾信息举报中心 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县第二民族中学 特此声明。
泽库县第二民族中学 版权所有
联系地址:青海省泽库县泽曲镇泽雄南路第二民族中学
北京网笑科技有限公司 仅提供技术支持 违法和不良信息举报中心