སློབ་གྲྭ་མཚམས་སྦྱོར།
རྩེ་ཁོག་རྫོ རྫོང་མི་རིགས་སློབ་འབྲིང་གཉིས་པ་ནི་2011ལོའི་ཟླ་9བར་གསར་དུ་བཙུགས་ཤིང་། སློབ་གྲྭ་ཡོངས་ལ་ད་ལྟ་དགེ་བཟོ་བ182དང་། དེའི་
ནང་ཆེད་གཉེར་དགེ་རྒན་141ལས་བཟོ་བ41 འཛིན་གྲྭ་36ཁྱོན་བསྡོམས་སློབ་མ་2012ཡོད་ལ་དེའི་ནང་དུ་སློབ་མ་མོ་974ཡོད། ཉེ་བའི་
ལོ་ལྔའི་རིང་མཐར་ཕྱིན་པའི་སློབ་མ་2486 སྐྱེད་སྲིང་བྱས་པ་དང་། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་6ལྷག་དང་།ཐོག་མའི་འཛུགས་
སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་1.75 མ་དངུལ་ལ་སྒོར་ཁྲི་2500ལྷག་བཏང་ཡོད་ལ། མིག་སྔའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་
མ་1.71མ་དངུལ་སྒོར་ཁྲི་5032བཏང་ཡོད། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་3.46ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་7565
བཏང་ཡོད།
མ་འོངས་བའི་དམིགས་འབེན།
1.སློབ་གསོའི་རྒྱུ་སྤུས་མཐོར་འདེགས་གཏང་དགོས་ན་ངེས་པར་དུ་དགེ་རྒན་གྱི་དཔུང་སྡེ་བརྟན་པོ་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་
གནད་དོན་ཞིག་ཡིན་ཕྱིན་ངེད་སློབ་གྲྭས་དགེ་རྒན་གྱི་གསོ་སྦྱོང་ལ་ཤུགས་སྣོན་དང་། སྔོན་ཐོན་སློབ་གསོའི་སྡེ་ཁག་དང་ས་ཆར་ལྟ་ཞིབ་བྱས་
ཏེ་ལེགས་ཆ་ནང་འདྲེན་བྱས་ནས་དགེ་རྒན་གྱི་སྤུས་ཚད་མཐོ་རུ་གཏང་རྒྱུ།
2.ཆ་འཕྲིན་ལག་རྩལ་ལ་ཤུགས་སྣོན་སྒོས་ཕྱོགས་ཡོངས་ནས་དེང་རབས་སློབ་གསོའི་ཐོན་ཁུངས་གསར་བ་བེད་སྤྱོད་དང་སྔོག་འདོན། སློབ་
མའི་འཇོན་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ།
3.སློབ་གྲྭའི་དོ་དམ་ལ་ཤུགས་སྣོན་གང་ལེགས་བྱས་ཏེ་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་དང་། འཇོན་ནུས་མི་སྣ་སྐྱེད་སྲིང་བྱེད་པར
“ གཞན་ལ་བརྩི་བཀུར། བསམ་བློ་བརྗེ་རེས། སྐྱོན་ཡོན་གཉིས་ལྡན། དཔེ་སྟོན་ལག་ལེན། བསམ་སྦྱོར་ཟུང་འབྲེལ། ” གྱི་སློབ་རའི་གདམས་
ཚིག་གནད་སར་བཟུང་སྟེ། སློབ་མའི་བསམ་བློ་དང་། ཀུན་སྤྱོད། ཤེས་བྱ། སྤུས་ཚད། རྩལ་ནུས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་
གཏང་བར་ཐུན་མོང་མ་ཡིན་ཞིང་ཡང་དག་པའི་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་གང་ལེགས་འཚོལ་བར་འབད་འབུངས་བྱ་རྒྱུ།
4.རྨང་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་སློབ་རའི་སྒྲིག་བཀོད་ལེགས་ཤིང་སློབ་སྒྲུབ་ཆ་རྐྱེན་གཞན་ལས་ལྷག་པའི་མཚོ་སྔོན་ལྷོ་རྒྱུད་
འབྲོག་ཁུལ་གྱི་དཔེ་སྟོན་སློབ་གྲྭར་འབད་འབུངས་བྱ་རྒྱུ།