当前位置: 首页 > 民族团结 > 【铸牢中华民族共同体意识篇】应知应会知识藏汉(八)

【铸牢中华民族共同体意识篇】应知应会知识藏汉(八)

2022年06月29日 17:03:03 访问量:363

应知应会知识(汉文版)


68.中华民族共同体意识是?

答:国家认同、民族交融的纽带,是祖国统一、民族团结的思想基石,是中华民族绵延不衰、永续发力的力量源泉。

69.铸牢中华民族共同体意识是?

答:引导各族人民牢固树立休戚与共、荣辱与共、生死与共、命运与共的共同体理念。

70.铸牢中华民族共同体意识提出的历程是?

2014年5月,习近平总书记在中央第二次新疆工作座谈会上提出“牢固树立中华民族共同体意识”;2014年9月,习近平总书记在中央民族工作会议上提出“积极培育中华民族共同体意识”;2017年10月,习近平总书记在党的十九大上正式提出“铸牢中华民族共同体意识”,并写入党章,成为全党全国各族人民实现中国梦新征程上的共同意志和根本遵循;2019年9月,习近平总书记在全国民族团结进步表彰大会上明确强调,“以铸牢中华民族共同体意识为主线做好各项工作”。

71.铸牢中华民族共同体意识的五大基础是?

答:政治基础、物质基础、思想基础、社会基础、法治基础。

72.怎样理解和把握铸牢中华民族共同体意识的政治基础是?

答:高举中国特色社会主义伟大旗帜,坚持走中国特色解决民族问题的正确道路,不断增强各族群众对伟大祖国、中华民族、中华文化、中国共产党、中国特色社会主义的认同,是铸牢中华民族共同体意识的政治基础。

73.怎样理解和把握铸牢中华民族共同体意识的物质基础是?

答:不断完善各项区域政策,加快少数民和民族地区发展,确保“全面建成小康社会,一个民族不能少;实现中华民族伟大复兴,一个民族也不能少”,着力促进各民族共同繁荣发展,是铸牢中华民族共同体意识的物质基础。

74.怎样理解和把握铸牢中华民族共同体意识的思想基础是?

答:以社会主义核心价值观为引领,树立和突出各民族共享的中华文化符号和中华民族形象,着力加强对中华文化的认同,是铸牢中华民族共同体的思想基础。

75.怎样理解和把握铸牢中华民族共同体意识的社会基础是?

答:要顺应我国各民族人口分布格局不断变化的形势,完善各民族流动人口服务管理体系,出台有利于构建互嵌式社会结构的政策举措和体制机制,全面深入持久开展民族团结进步创建,着力加强各民族交往交流交融,是铸牢中华民族共同体意识的社会基础。

76.怎样理解和把握铸牢中华民族共同体意识的法治基础是?

答:全面贯彻落实民族区域自治法,健全民族工作法律法规体系,依法保障各民族合法权益,着力提高民族事务法治化水平,是铸牢中华民族共同体意识的法治基础。

77.铸牢中华民族共同体意识的三个着眼点是?

答:着眼于有形、着眼于有感、着眼于有效。


应知应会知识(藏文版)


68.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི།  

ལན། རྒྱལ་ཁབ་ཀྱི་མོས་མཐུན་དང་མི་རིགས་མཉམ་འདྲེས་ཀྱི་འབྲེལ་ཐག་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་རྡོ། ཀྲུང་ཧྭ་མི་རིགས་ནམ་ཡང་ཉམས་པ་མེད་པར་ཡུན་མཐུད་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན།

69.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི། 

ལན།  རིགས་སོ་སོའི་མི་དམངས་ལ་ཁྲིད་སྟོན་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་དང་། དགེ་མཚང་མཉམ་ཁུར། ཤི་གསོན་མཉམ་བསུ། ལས་དབང་གཅིག་སྦྲེལ་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ཡིན། 

70.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུར་བཏོན་པའི་ལོ་རྒྱུས་ཀྱི་ལམ་བུ་ནི། 

ལན།   2014ལོའི་ཟླ5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་བཏོན་པ་དང་། 2014ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཧུར་ཐག་གིས་སྐྱེད་སྲིང་བྱ་དགོས”ཞེས་བཏོན། 2017ལོའི་ཟླ10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་དགོས”ཞེས་དངོས་སུ་བཏོན་པར་མ་ཟད། ཏང་གི་སྒྲིག་ཡིག་ནང་དུ་བཀོད་ནས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གི་ཐུན་མོང་གི་འདོད་བློ་དང་རྩ་བའི་གཞི་འཛིན་སར་གྱུར་ཡོད། 2019ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་སྣེ་བྱས་ཏེ་བྱ་བཞག་ཀུན་ཡག་པོར་སྒྲུབ་དགོས”ཞེས་ནན་བཤད་གསལ་པོར་གནང་ཡོད། 

71.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་རྨང་གཞི་ཆེན་པོ་ལྔ་ནི།

ལན།  ཆབ་སྲིད་ཀྱི་རྨང་གཞི་དང་། དངོས་པོའི་རྨང་གཞི། བསམ་བློའི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི། ཁྲིམས་སྐྱོང་གི་རྨང་གཞི་བཅས་ཡིན། 

72.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཆབ་སྲིད་ཀྱི་རྨང་གཞི་ལ་གོ་བ་ཇི་ལྟར་བླངས་ནས་ཁོང་དུ་ཆུད་པར་བྱེད་དགོས།

ལན། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་སོགས་ཀྱི་མོས་མཐུན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་རྒྱུ་བཅས་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། 

73.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དངོས་པོའི་རྨང་གཞི་ལ་གོ་བ་ཇི་ལྟར་བླངས་ནས་ཁོང་དུ་ཆུད་པར་བྱེད་དགོས།

ལན། ས་ཁོངས་ཀྱི་སྲིད་ཇུས་སྣ་ཚོགས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་དགོས་པར་མི་རིགས་གཅིག་ཀྱང་ཉུང་མི་རུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་ཉུང་མི་རུང་བ”འགན་ལེན་བྱེད་པ། རིགས་སོ་སོའི་མི་དམངས་ལྷན་ཅིག་དར་རྒྱས་གོང་འཕེལ་ཡོང་བར་ཤུགས་སྣོན་བྱ་རྒྱུ་བཅས་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དངོས་པོའི་རྨང་གཞི་ཡིན། 

74.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་བློའི་རྨང་གཞི་ལ་གོ་བ་ཇི་ལྟར་བླངས་ནས་ཁོང་དུ་ཆུད་པར་བྱེད་དགོས།

ལན།   སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་དེ། རིགས་སོ་སོའི་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་། ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་བཞེངས་པ་དང་གཟེངས་སུ་ཐོན་པར་བྱེད་པ། ཀྲུང་ཧྭའི་རིག་གནས་ཀྱི་མོས་མཐུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་བློའི་རྨང་གཞི་ཡིན། 

75. ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྤྱི་ཚོགས་ཀྱི་རྨང་གཞི་ལ་གོ་བ་ཇི་ལྟར་བླངས་ནས་ཁོང་དུ་ཆུད་པར་བྱེད་དགོས།

ལན།    རང་རྒྱལ་གྱི་མི་རིགས་སོ་སོའི་མི་འབོར་ཁྱབ་ཚུལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་པའི་གནས་བབ་དང་བསྟུན་ནས། མི་རིགས་སོ་སོའི་རྒྱུན་འཁོར་མི་འབོར་གྱི་ཞབས་ཕྱི་དོ་དམ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཟུང་བསྒར་རྣམ་པའི་སྤྱི་ཚོགས་གྲུབ་ཚུལ་འཛུགས་པར་ཕན་པའི་སྲིད་ཇུས་བྱེད་ཐབས་དང་སྒྲིག་སྲོལ་རྐྱེན་སྲོལ་འདོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་རིང་དུ་སྤེལ་བ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བྱ་རྒྱུ་བཅས་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྤྱི་ཚོགས་ཀྱི་རྨང་གཞི་ཡིན། 

76.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲིམས་སྐྱོང་གི་རྨང་གཞི་ལ་གོ་བ་ཇི་ལྟར་བླངས་ནས་ཁོང་དུ་ཆུད་པར་བྱེད་དགོས།

ལན།    མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། མི་རིགས་བྱ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་སོ་སོའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ། མི་རིགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཤུགས་ཆེན་པོས་མཐོ་རུ་གཏོང་བ་བཅས་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲིམས་སྐྱོང་གི་རྨང་གཞི་ཡིན།  

77.ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་དམིགས་སའི་གནས་གསུམ་ནི།

ལན།    མཐོང་རྒྱུ་རེག་རྒྱུ་ཡོད་མེད་ལ་དམིགས་པ་དང་། བརྩེ་སེམས་ངོ་མ་ཡོད་མེད་ལ་དམིགས་པ། ཕན་འབྲས་ཡོད་མེད་ལ་དམིགས་པ་བཅས་ཡིན། 

投稿热线:****

投稿邮箱:Hnzcjb2****@126.com

统筹/索南东珠  监制/才旦卓玛

编辑:孙花
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息举报中心 垃圾信息举报中心 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县第二民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 泽库县第二民族中学 版权所有
联系地址:青海省泽库县泽曲镇泽雄南路第二民族中学
北京网笑信息技术有限公司 仅提供技术支持 违法和不良信息举报中心