当前位置: 首页 > 通知公告 > 保洁员工作制度

保洁员工作制度

2019年11月06日 14:24:53 访问量:485 作者:仁青三智

༄༅།།རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་གད་བདར་ལས་བཟོ་བའི་འགན་ལེན་ཡི་གེའི་སྐོར།

སློབ་མ་དེ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་སློབ་གྲྭ་ནི་རང་ཁྱིམ་དྲོན་མོ་ཡིན་པའི་སྤྲོ་སྣང་ཡག་པོ་ཞིག་སྦྱིན་ཕྱིར།རང་སློབ་གྲྭའི་སློབ་ཨུ་ཚོགས་པས་ཆེད་དུ་གད་བདར་ལས་བཟོ་བའི་འགན་ལེན་ཡི་གེའི་ནང་དོན་གཏན་ལ་ཕབ་པ་གཤམ་ལྟར།

གཅིག  ཉིན་རྒྱུན་སྔ་དྲོ་དང་ཕྱི་དྲོའི་སློབ་ཁྲིད་འཚོགས་རྗེས་སུ་རང་ལས་བགོས་ས་ཚུགས་སུ་ཐོན་ནས་གད་བདར་གཙང་ཕྱགས་དུག་སེལ་སོགས་བྱེད་དགོས།   

གཉིས།  ཉིན་རྒྱུན་དུས་ངེས་མེད་ཀྱིས་རང་གི་ལས་བགོས་ས་ཚུགས་ཀྱི་གཙང་དག་རྒྱུན་འཁྱོངས་ཐུབ་པ་དང་ཁུལ་རྫོང་གི་འགོ་ཁྲིད་ཀྱིས་ཞིབ་བཤེར་ཁྲོད་སྐྱོན་བརྗོད་ཐེབས་ཚེ་ལོ་མཇུག་སྤྱི་བསྡོམས་སོགས་སུ་ལས་གླ་འཐེན་པ་དང་ཕུལ་བྱུང་ལས་བཟོ་བར་བདམས་མི་ཆོག

གསུམ། རང་གི་ལས་བགོས་ས་ཚུགས་སུ་སློབ་མ་དང་གཞུང་བསྒྲུབ་གང་རུང་གིས་དོན་མེད་ཀྱིས་གཙང་དག་ལ་གནོད་པ་དང་བར་ཆད་བཏང་ཚེ་ཐོག་མར་ཀུན་སྤྱོད་ཁང་དང་རིམ་བཞིན་འབྲེལ་ཡོད་སློབ་གཙོ་སོགས་བཙལ་དགོས།

བཞི། གད་བདར་བས་རང་གི་ལས་བགོས་ས་ཚུགས་ཀྱི་ཉལ་ཁང་དོ་དམ་པར་འབྲེལ་འདྲེས་དམ་ཟབ་སྒོས་གནད་དོན་ཐག་གཅོད་ཐུབ་པ་རྣམས་ཐུང་མྱུར་གྱིས་བདེ་བླག་ཡོང་བ་བྱ་དགོས།

ལྔ། གལ་ཏེ་ལས་ཞུགས་སྐབས་དོན་དག་གི་དབང་གིས་གནང་ཞུ་དགོས་ཚེ་ཀྲུའུ་རིན་དང་སློབ་གཙོས་ངེས་པར་ཤེས་དགོས་པ་མ་ཟད།ཉིན་དེའི་ལས་ཀར་སྟོང་ཆ་གཏན་ནས་ཤོར་མི་ཆོག

དྲུག དུས་རྒྱུན་གྱི་ལས་ཀའི་ཁྲོད་གནད་དོན་མི་ཉུང་བ་འཕྲད་ཚེ་ཐོག་མར་ཉལ་ཁང་དོ་དམ་པ་དང་དེ་ནས་ཀུན་སྤྱོད།སྤྱི་གཉེར་ཁང་ཁང་སོགས་ལས་གྲོགས་སུ་བཀུགས་ནས་དོན་དག་ངེས་པར་ཐག་གཅོད་དགོས།

བདུན།གན་རྒྱའི་དུས་ཡུན་ལོ་གཅིག་རིང་ཡིན་པས་ལོ་གཅིག་གི་ནང་བརྗེ་སྤོར་སོགས་ཀྱིས་ལས་ཀར་འགོར་འགྱངས་བཏང་མི་ཆོག

བརྒྱད རང་རང་གི་ལས་ཀའི་ཁྲོད་གོང་གི་ནང་དོན་དང་འགལ་བའི་བྱ་བའི་ནོར་འཛོལ་བྱུང་ཚེ།2014ལོའི་ཡིག་ཨང་07སྟེ་རྩེ་ཁོག་རྫོང་སློབ་གསོ་སྡེ་ཁག་གི་སློབ་རའི་བདེ་བརྟན་བྱ་བའི་བྱ་བའི་འགན་འདེད་ལམ་ལུགས་གནས་སྐབས་ལག་བསྟར་བརྡ་སྦྱོར་གྱི་བླང་བྱ་ལྟར་ལག་བསྟར་བྱ་རྒྱ་ཡམིན།

དགུ  འགན་ལེན་ཡི་གེ་འདི་ཤོག་བྱང་ཉིས་སྦྲེལ་ཡིན་ལ་མིང་རྟགས་བཀོད་ཉིན་ནས་དངོས་སུ་ནུས་པ་ཐོན་ཡོད།

编辑:仁青三智
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息举报中心 垃圾信息举报中心 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县第二民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 泽库县第二民族中学 版权所有
联系地址:青海省泽库县泽曲镇泽雄南路第二民族中学
北京网笑信息技术有限公司 仅提供技术支持 违法和不良信息举报中心